GOLOK

ཨ་མདོའི་བྱང་བླ་བྲང་ནས་ཆེད་དུ་ཡོང་བའི་ཨ་མ་ལོ་ལོན་ཚོས་ངེད་སློབ་གྲྭའི་སློབ་མ་དག་ལ་དྲུག་གཅིག་གི་ལེགས་སྐྱེས་བླ་བྲང་མོག་མོག་བཟོས་པ། ཨ་མ་ལོ་ལོན་འདི་ཚོའི་ལྷག་བསམ་དང་བརྩེ་བ་ལ་རྗེས་སི་ཡི་རང་ཞུ། ངོ་མ་སེམས་འགུལ་ཐེབས་པ་ཞིག་རེད། རྒྱུ་མཚན་ངས་སློབ་གྲྭའི་ཚབ་བྱེད་ནས་ཁོང་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན་མོད། འོན་ཀྱང་ཁོང་ཚོས་མིག་ཆུ་ཤོར་ཞོར་ངའི་ལག་པ་ལ་བཟུང་ནས་དགེ་རྒན་ཁྱེད་ཚོ་བཀའ་དྲིན་ཆེ། ཁྱེད་ཚོས་དུས་རྒྱུན་དུ་དྭ་ཕྲུག་བྱིས་པ་འདི་མོ་མང་པོ་ཞིག་གི་ཁའི་ཟ་རྒྱུ་དང་རྒྱབ་ཀྱི་གོན་པ་ཚང་མ་འགན་འཁུར་བཞིན་པར་ཅི་འདྲ་དཀའ་ལས་མང་པོ་ཡོད་པ་ང་ཚོ་ཨ་མ་ཞིག་ཡིན་པས་ཚང་མ་ཤེས་འུ། དེ་རིང་གི་ཟ་མ་ཐུན་གཅིག་ལས་པ་འདི་ཅི་ཡང་མ་རེད། རྗེས་མ་ཡིན་ན་ང་ཚོ་ལོ་ལོན་ཚོས་བླ་བྲང་དགོན་པར་བསྐོར་བ་བྱེད་དེ་ཁྱེད་ཚོའི་ལས་ཀར་བར་ཆད་མེད་པའི་སྨོན་ལམ་འདེབ་ཟེར།

 

 

 

16.05.2019 sports hall - GOLOK

མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་ལུས་རྩལ་ཁང་གི་ལས་གཞིའི་མཛད་སྒོ་དངོས་སུ་འགོ་བརྩམ་པ། ལུས་རྩལ་ཁང་འདི་ནི་རྟ་བྲག་ཚོགས་པ་དང་སློབ་གཙོ་ཐུབ་བསྟན་ཉི་མ་གཉིས་ཀྱིས་ལོ་དུ་མ་ལ་དཀའ་ལས་མང་པོ་བརྒྱབ་ནས་ཨེ་འགྲུབ་བལྟས་པ་ཡིན་མོད། འོན་ཀྱང་དེར་མ་དངུལ་ཧ་ཅང་མང་པོ་དགོས་བས་གྲུབ་འབྲས་མ་ལོན། ན་ནིང་ཧྲེན་ཡང་ལ་ཚོགས་འདུ་ཞིག་ལ་སོང་སྐབས། ནུབ་མོ་ཐུབ་བསྟན་ཉི་མས་རང་གི་སློབ་གྲྭ་སྒྲུབ་ཕྱོགས་དང་སློབ་མ་སྐྱོང་ལུགས་སོགས་ཀྱི་སྐོར་ནས་ཁ་བརྡ་གང་མང་བྱས་པ་ན་ཁོའི་གྲོགས་པོ་འང་ཡིན་ལ་མགོ་ཁྲིད་ཀྱང་ཡིན་པ་ཁོ་ལ་སེམས་འགུལ་མི་འདྲ་བ་ཞིག་ཐེབས་པ་མ་ཟད་ཁོས་རྟ་བྲག་སློབ་གྲྭའི་ལས་ཀ་དང་སློབ་མའི་གནས་ཚུལ་ཚང་མ་ཁོས་ཕྲ་ཞིང་ཞིབ་པ་ཤེས་བཞིན་ཡོད་དེ་ཁོས་ཐད་ཀར་རོགས་པ་ཆེན་པོ་ཞིག་བྱེད་མི་ཐུབ་གི་ཟེར་ཞོར། མིག་མཐའ་མཆི་མས་སྐོར་ནས་ཐུབ་བསྟན་ཉི་མའི་ལག་པ་ལ་བཟུང་ནས་སློབ་གཙོ་ལགས་ཁྱོད་སེམས་མ་ཕམ། ཁྱོད་ཀྱི་དྭ་ཕྲུག་བྱིས་པ་ཚོའི་ཆེད་དུ་དཀའ་ལས་རྒྱག་གི་ཡོད་པ་འདི་ང་ལ་སེམས་འགུལ་གང་མང་ཐེབས་མྱོང་། ང་ཚོ་ཚང་མས་འབད་པ་རེ་བྱེད་ན་གྲུབ་འབྲས་ཡོད་རེད་ཟེར། ན་ནིང་ལོ་སར་སྐབས་ལ་ཐུབ་བསྟན་ཉི་མ་ལ་ཁ་པར་ཞིག་ཐོན་ནས་སློབ་གཙོ་ཚང་སྐུ་བདེ་མོ་ཨེ་ཡིན་ཞེས་འཚམས་འདྲི་ཞུ་ཞོར་ལུས་རྩལ་ཁང་ཕར་ཆེར་ལོན་ས་རེད་ཟེར། མདོར་ན་ཁོ་ཚོས་ཐབས་ཤེས་གང་ཡོད་ཀྱི་ལུས་རྩལ་ཁང་འདི་ཨེ་ལོན་བལྟས་པ་ཡིན་པས། མཐར་རྒྱལ་ཁབ་སློབ་གསོ་པུའུ་ཡིས་རོགས་རམ་གནང་ནས་ལུས་རྩལ་ཁང་གི་རྣམ་གྲགས་འདི་ལོན་པ་ཡིན་པས་ཐུབ་བསྟན་ཉི་མའི་གྲོགས་པོ་ཁོ་དང་འབྲེལ་ཡོད་མི་སྣ་ཡོངས་ལ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ།

 

 

 

13.05.2019 library - GOLOK

 

 

 

01. Mai 2019

རྟ་བྲག་དྭ་ཕྲུག་སློབ་གྲྭའི་དགེ་ལས་སྦྱིན་བདག་ཧོ་ཡཱ་ལེན།

何亚林女士)ཧོ་ཡཱ་ལེན་ལགས་ནི་ཆུང་དུས་ནས་གྲོང་ཁྱེར་ཆེན་པོ་ནས་སྐྱེས་ཤིང་འཚར་ལོང་བྱུང་བའི་བུད་མེད་ཅིག་ཡིན་ལ། ད་ལྟ་ད་དུང་ཚོང་ལས་ཀྱི་བྱ་བ་གཉེར་བཞིན་ཡོད་པས་འཚོ་བ་དང་དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་ཧ་ཅང་བཟང་བོ་འདུག ༢༠༡༩ལོའི་ཟླ་བ་༥པའི་ཚེས་༡ཉིན་ལྔ་གཅིག་གུང་སེང་དང་འབྲེལ་ནས་བོད་ཁུལ་དུ་ཡུལ་སྐོར་ཏུ་སླེབས། ཞོར་དུ་ཕ་ཡུལ་གཞུང་ལ་དུས་རྒྱུན་བློ་སེམས་དཀར་ཞིང་རོགས་རམ་བླ་མེད་གནང་མྱོང་མཁན་གྱི་ཡུལ་མི་སྦྱིན་པ་ལགས་དང་འཕྲད་ནས་ཁོང་གིས་རང་རེ་སློབ་གླིང་ངོ་སྤྲོད་བརྒྱུད་ནས་རྗེས་མར་ཁོ་མོ་དངོས་སུ་སློབ་གླིང་དུ་ལྟ་སྐོར་དུ་སླེབས་པ་མ་ཟད། སློབ་གྲྭའི་སློབ་གཙོ་ཀུན་དགའ་བཟང་པོས་སློབ་གླིང་གི་མི་ལོ་དུ་མའི་རང་གི་གྱག་གྱོག་གི་ལམ་བུ་དང་སློབ་ཕྲུག་རེ་རེ་ཡི་འཚོ་བའི་རྒྱབ་ལྗོངས་སོགས་མ་གསང་དྲང་བོར་བརྗོད་མཐར། ཧོ་ཡཱ་ལེན་སེམས་འགུལ་ཐེབས་པའི་ངང་དངོས་གནས་སློབ་གླིང་འདི་ནི་དེ་སྔོན་སྦྱིན་པ་ལགས་ཀྱིས་བཤད་པ་ལྟར་དྭ་ཕྲུག་རྐྱང་རྐྱང་གིས་གྲུབ་པའི་སྤྱི་ཕན་རང་བཞིན་ཅན་གྱི་དགེ་ལས་སློབ་གྲྭ་ཁྱད་མཚར་བ་ཞིག་ཡིན་པ་རྟོགས་ནས། ཧོ་ཡཱ་ལེན་གྱིས་སློབ་གླིང་ལ་ཉེ་ལམ་ཆེས་མཁོ་བའི་རོགས་སྐྱོར་གང་ཞིག་བསྐྲུན་ན་ལེགས་འདུག་ཅེས་སློབ་གཙོ་ཀུན་དགའ་བཟང་པོར་བཤད་པར། ཁོས་བཤད་རྒྱུར་སྤྱིར་རང་རེ་སློབ་གླིང་འདི་ལ་མཚོན་ན་རྒྱ་གཞུང་སློབ་གྲྭ་དང་བསྡུར་ན་ཕྱོགས་གང་ཐད་ནས་ཆ་རྐྱེན་ཅུང་སྡུག་པོ་འདུག་མོད། ད་ལྟ་ཆེས་མཁོ་གལ་ཆེ་བ་ནི་སློབ་མ་རྣམས་ལ་གཟུགས་པོ་བཀྲུ་སའི་ཁང་བ་གྲལ་དག་ཅིག་ཡོད་ན་ཡག་པོ་འདུག་སྙམ། སྔོན་མ་ཡང་ཉི་གློག་དང་བརྟེན་ནས་ཆུ་དྲོས་བྱེད་ཀྱི་ལུས་ཁྲུས་ཁང་ཅིག་ཡོད་ནའང་མཐོ་སྒང་དུ་དཀོལ་སྤྱོད་ཀྱི་ནུས་པ་ཞན་པ་མ་ཟད་དུས་ཀྱི་འགྱུར་ལྡོག་གིས་ལན་རེ་ཆུ་འཁྱག་ནས་བཀོལ་སྤྱོད་མི་ཐུབ་པ་སོགས་དཀའ་ངལ་སྣ་ཚོགས་ལ་འཕྲད་ཀྱིན་འདུག་པས། སྐུ་ཉིད་ཀྱིས་དེའི་ཕྱོགས་ནས་རོགས་རམ་རེ་གནང་ཐུབ་ན་དངོས་གནས་བཀའ་དྲིན་ཆེ་ཞུས་པར། ལམ་སང་ཁོ་མོས་དམངས་སྒོར་ཁྲི་བཅུའི་འགྲོ་སོང་ཕུལ་ནས་ལས་ཁྲུས་ཁང་གི་རླངས་དང་གློག་རྟེན་ནས་གྲལ་དག་ཅིག་ལེགས་འགྲུབ་ཡོང་བའི་ཆ་རྐྱེན་བསྐྲུན་པ་དང་རྗེས་མའང་ཁོ་མོའི་ནུས་ཚོད་ཀྱིས་སློབ་གླིང་འདི་ལ་ལྷག་བསམ་ཟོལ་མེད་ངང་རོགས་རམ་གང་ཐུབ་བྱེད་རྒྱུའི་ཁས་ལེན་དང་བཅས་ད་ལྟ་ཚང་མས་རེ་འདོད་ལྟར་ལུས་ཁྲུས་ཁང་ཡང་བདེ་ལེགས་ངང་འགྲུབ་སོང་བས། རྟག་ཏུ་སློབ་འདི་དང་འབྲེལ་ཡོད་ཀུན་གྱི་ཚབ་བྱས་ནས་ཁོ་མོའི་བསམ་དོན་འགྲུབ་ཞིང་ཁྱིམ་གཞིར་བདེ་སྐྱིད་ལྡན་པའི་སྨོན་ལམ་ཞུས་པ་ཡིན།

 

 

 

30.04.2019 DAWU

 

 

 

27.04.2019 GOLOK

 

 

 

 

 

 

 

25.04.2019 Skit Competition - GOLOK

༄།།ཁ་སང་རྨ་ཆེན་རྫོང་གི་ཅོ་ཀའི་དྲུག་འགྱུར་རྟགས་མ་དབྱིན་ཡིག་འགྲན་སྡུར་ངེད་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་ནང་ཚོགས་པ་དང་འགྲན་སྡུར་ཁྲོད་ངེད་སློབ་གྲྭའི་དམའ་འབྲིང་སློབ་མས་རྫོང་ཡོངས་ནས་ཨང་གཉིས་པ་དང་སློབ་ཆུང་རིམ་པས་ཨང་དང་པོར་ཐོབ་པས་མཛུབ་སྟོན་དབྱིན་ཡིག་དགེ་རྒན་ལྷ་མོ་སྒྲོལ་མ་དང་མགོན་པོ་སྐྱིད་དང་སློབ་གྲོགས་ཚོས་འབད་འབངས་གང་མང་བྱས་པར་གྲུབ་འབྲས་ལེགས་པོ་བླབས་པར་རྟེན་འབྲེལ་ཞུ།

 

 

 

 

 

 

16.04.2019 GOLOK

གཏམ་བཟང་།

སྤྱི་ཟླ་༤པའི་ཚེས་༡༦ཉིན་གྱི་ཕྱི་དྲོར་མགོ་ལོག་རྨ་ཆེན་རྫོང་གི་རྫོང་དཔོན་རྒན་པ་གསང་འབུམ་ལགས་ཀྱིས་རྫོང་རིག་གནས་ལས་ཁུངས། རྫོང་སློབ་གསོ་ཅུས་དང་འབྲེལ་ཡོད་ལས་ཁུངས་སྐོར་ཞིག་ཁྲིད་དེ་ངེད་རྟ་བྲག་སློབ་གྲྭར་གཟིགས་སྐོར་དུ་ཕེབས། རྫོང་དཔོན་ལགས་ཀྱིས་སློབ་གྲྭའི་ཁོར་ཡུག་དང་སློབ་ཁང་ལྷག་པར་དུ་ལག་རྩལ་འཛིན་གྲྭ་ལ་གཟིགས་པ་ན། སློབ་གཙོ་ཐུབ་བསྟན་ཉི་མས་སློབ་གྲྭ་སྒྲུབ་ལུགས་སྐོར་ནས་ཡར་ཞུ་བྱེད་ཞོར་ཡིག་གཟུགས་ཁང་བསྟན་པ་དང་། རང་གི་བྲིས་པའི་སྒྱུ་རྩལ་ཡིག་གཟུགས་ཐང་ག་འགའ་རྫོང་དཔོན་དང་འགོ་ཁྲིད་རྣམ་ལ་ཕུལ་བ་དང་མཉམ་པར་སོགས་བསྒྲོན། རྫོང་དཔོན་དང་འབྲེལ་ཡོད་འགོ་ཁྲིད་ཚང་མར་སེམས་འགུལ་ཐེབས་ནས་བསྔགས་བརྗོད་ཡང་ཡང་གནང་། རྫོང་དཔོན་ལགས་ཀྱིས་གསུངས་རྒྱུར་རྟ་བྲག་སློབ་གྲྭའི་གནས་ཚུལ་ང་ཚོའི་སྲིད་གཞུང་གིས་གསལ་བོ་ཤེས་ཡོད། དངོས་གནས་ཡག་པོ་རེད། ད་ཁྱོད་ཚོར་དཀའ་ངལ་ག་འདྲ་འདུག་གསུངས་པ་ན། སློབ་གཙོ་ཐུབ་བསྟན་ཉི་མས་རྟ་བྲག་སློབ་གྲྭ་ནི་མ་གཞི་ནས་སྒེར་བཙུགས་སློབ་གྲྭ་ཞིག་ཡིན་པ་དང་རྟའུ་བློ་བཟང་དཔལ་ལྡན་དང་སྐུ་ཟླ་ཆོས་ཉིད་ལྷ་མོ་གཉིས་ཀྱིས་གཙོ་སྒྲུབ་མཛད་པ་ཞིག་རེད། ད་ལོ་ཡང་རྟའུ་བློ་བཟང་དཔལ་ལྡན་མཆོག་སྐུ་དྲངས་སོང་བས་དཀའ་ངལ་དེ་ལས་ཀྱང་ཡོད་རེད། ལྷག་པར་ཏུ་སློབ་གྲྭའི་འཛུགས་སྐྲུན་གྱི་སྐོར་ལ་དཀའ་ངལ་འདུག ང་ཚོས་ལོ་དུ་མ་ཞིག་ལ་འབད་འབུངས་གང་མང་བྱས་མཐར་ད་ལོ་ལུས་རྩལ་ཁང་དང་དཔེ་མཛོད་ཁང་བཅས་ཕར་ཆེར་ལས་ཐུབ་རྒྱུ་རེད། མ་འོངས་པ་ན་རྐང་རྩེ་སྤོ་ལོ་རྩེད་ས་མེད་པས་རྫོང་དཔོན་ལགས་ཀྱིས་དེའི་ཕྱོགས་ནས་ཐུགས་ཁུར་རེ་གནང་རྒྱུ་ཐུགས་རྗེ་ཆེ་ཞུས་མཐར། རྫོང་དཔོན་གྱི་རྫོང་སློབ་གསོ་ཅུས་ལ་རྐང་རྩེད་སྤོ་ལོ་རྩེད་ས་ལ་མ་དངུལ་ས་ཡ་གཉིས་ཀྱི་འདང་རྒྱུ་ཨེ་རེད་ཞེས་དྲིས་ཚེ། རྫོང་སློབ་གསོ་ཅུས་ཀྱི་ས་ཡ་གསུམ་ལྷག་མེད་ན་འདངས་ས་མ་རེད་ཟེར་བར་རྫོང་དཔོན་ལགས་ཀྱིས་ཡ་དེ་སྐྱོན་མེད་ཁུ་རྐང་རྩེད་སྤོ་ལོ་ལས་རྒྱུ་ངས་འགན་ལེན་ད་ལོ་མིན་ན་སང་ལོ་ཡིན་གཅིག་མིན་གཉིས་ལས་འཇོག་གསུངས་བས་ཚང་མ་ཧ་ཅང་དགའ་སོང་། དེ་ནས་རྫོང་དཔོན་ལགས་གྱིས་ད་སློབ་གཙོ་ཐུབ་བསྟན་ཉི་མ་ང་ཚོ་དང་མཉམ་དུ་རྨ་ཆེན་རྫོང་གི་ཐོན་ལས་ཁང་ལ་བལྟ་སྐོར་དུ་འགྲོ་གསུངས། རྫོང་དཔོན་ལགས་ཀྱིས་ཐོན་ལས་ཁང་གི་ཚང་ཁང་དང་ལས་སྒྲུབ་ཁང་དེ་མིན་གཞུང་ལས་ཁང་ལས་བཟོ་བའི་སྡོད་ཁང་བཅས་རེ་རེ་ནས་ངོ་སྤྲོད་གནང་མཐར་རྟ་བྲག་སློབ་གྲྭར་ཁང་པ་ག་ཚོད་དགོས་ན་རིན་མི་ལེན་རྒྱུ་ཡིན་འབྲེལ་ཡོད་ལས་ཁུངས་ཚོས་དེ་ལུགས་ཀྱི་བཀོད་སྒྲིག་ཡག་པོ་གྱིས་གསུངས་ནས་རྟ་བྲག་སློབ་གྲྭ་ལ་རྒྱབ་སྐྱོར་བླ་མེད་གནང་རྒྱུ་གསུངས་སོ།

 

 

01.11.2018 DAWU

སྦྱིན་པ་ནི་ཁམས་རྟའུ་ནས་ཡིན་པ་དང་ཆུང་དུས་ནས་ནང་གི་འཚོ་བའི་ཆ་རྐྱེན་ཞན་པས་སློབ་གྲྭར་འགྲོ་མ་མྱོང་བའི་མི་ཞིག་ཡིན།ད་ལྟར་ཡང་འཚོ་བ་སྐྱེས་མ་ཞིག་ཡིན་ཡིན་ན་ཡང་༢༠༡༠བའི་སྔོན་ནས་ལྟར་བར་ཁོང་གི་སེམས་རྒྱུད་ལ་སྐད་གྲགས་དང་ང་རྒྱལ་སོགས་ཅི་ཡང་མེད་པའི་ངང་ནས་རང་ངོས་ནས་ལོ་ལྟར་པ་ཡི་དགུན་ཁ་སླེབས་ལ་ཉེ་དུས་རང་སློབ་གྲྭའི་སློབ་མ་རྣམས་ལ་དགུན་ལྷ་ཆ་རེ་སྤྲད་བཞིན་ཡོད་པས་ངས་དྭ་ཕྲུག་ཡོངས་ཀྱི་ཚབ་བྱེད་ནས་བཀའ་དྲིན་གྲངས་མེད་ཞུ།

 

 

 

04.10.2018

ཨ་མུན་སེལ་གསེར་གྱི་རྟགས་མ་དང་སྐབས་གསུམ་པའི་གླུ་དབྱངས་འགྲན་སྡུར།

 

རྩོམ་སྒྲིག་པ།: དོ་དམ་པ། སྤེལ་དུས: 2018/10/4

སྤྱི་ལོ་༢༠༡༨ལོའི་སྤྱི་ཟླ་༡༠བའི་ཚེས་༤ཉིན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་སློབ་གསོ་ཅུས་དང་རྔ་བ་རྫོང་རིག་གནས་རྒྱང་སྒྲོག་ལས་ཁུངས། རྔ་བ་རྫོང་ཨ་མུན་སེལ་རིག་གནས་དར་སྤེལ་ལས་ཁུངས་བཅས་ཀྱིས་གཙོ་སྒྲུབ་མཛད་པའི་ཨ་མུན་སེལ་སློབ་གསོའི་གསེར་གྱི་རྟགས་མ་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གཙོ་ལ་ཕུལ་ཞིང་ཨ་མུན་སེལ་རྟགས་མའི་བྱིས་པའི་རིག་རྩལ་འགྲན་ཚོགས་སྐབས་གསུམ་པ་གཟབ་རྒྱས་ངང་རྔ་བ་རྫོང་གླུ་གར་ཁང་དུ་འཚོགས་འགོ་བརྩམས།

ཚོགས་ཐོག་ཏུ་གདན་ཞུའི་སྐུ་མགྲོན་བདུང་ལེན་པ་གྲགས་ཅན་རྒན་དཔལ་མགོན། བདུང་ལེན་པ་རྨ་ཆུའི་བསམ་གཏན། ལས་བྱེད་རྒན་པ་ཁཱ་ཤཱིའི་སྐལ་ཚུལ། གཉན་པོ་གཡུ་རྩེའི་ཟློས་གར་ཚོགས་པའི་བསྟན་པ། བོད་ཀྱི་དམངས་གླུའི་རྒྱུད་འཛིན་པ་མགར་གླུ་བ་བསམ་ལྷུན་སོགས་ཡོད།

ཟུར་ཞུགས་གདན་ཞུའི་སྐུ་མགྲོན་རྔ་བ་རྫོང་རིག་རྩལ་རྒྱང་སྒྲོག་གསར་འགྱུར་དཔེ་སྐྲུན་ཅུས་ཀྱི་འཐུས་ཚབ་དང་རྔ་བ་རྫོང་སློབ་གསོ་ཅུས། རྔ་བ་རྫོང་སྲིད་གྲོས་དང་སྲིད་གཞུང་གི་འཐུས་ཚབ་པ། བོད་ཁམས་ཀྱི་སློབ་གྲྭ་གང་མང་ནས་ཡོང་བའི་ན་ཆུང་འགྲན་ཞུགས་སློབ་མ་དང་དགེ་རྒན་དང་ཁྱིམ་བདག རྔ་བ་རྫོང་གི་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གི་འཐུས་ཚབ་པ་སྤྲུལ་བའི་སྐུ་ས་སྒང་འཇམ་དབྱངས་ཐུབ་བསྟན་དར་རྒྱས། བསེ་དགོན་གྱི་བསྟན་བདག་མཁར་སྤྲུལ་བཀྲ་ཤིས་དོན་ཁོ་དང་ཁཱ་ཤེར། གཞན་ཨ་འདུས་དགོན་གོང་མ་སོགས་ཀྱི་བླ་སྤྲུལ་འགའ་གདན་ཞུ་བྱས་པ་བཞིན་རྒྱབ་སྐྱོར་གྱི་ཚུལ་དུ་ཕེབས་ཡོད་པར་མ་ཟད་རྔ་བའི་ཚོང་རམས་པ་གང་མང་ཞིག་གིས་ཨ་མུན་སེལ་སང་ལ་སྔ་གཞུག་ཏུ་རྒྱབ་སྐྱོར་བླ་མེད་གནངས་པར་ཨ་མུན་སེལ་སང་གིས་ལེགས་སྐྱེས་ཕུལ།

ལྷག་ཏུ་ཨ་མདོ་རྔ་བའི་ཨ་མུན་སེལ་རྟགས་མའི་བྱིས་པའི་རིག་རྩལ་འགྲན་ཚོགས་སྐབས་གསུམ་པའི་སྟེང་དེང་རབས་བོད་ཀྱི་ན་གཞོན་སློབ་གསོ་བ་རྟའུ་ཐུབ་བསྟན་ཉི་མ་ལགས་ཀྱིས་ཉམ་ཐག་དྭ་ཕྲུག་མང་བོར་བྱམས་བརྩེ་དྲོན་མོ་དང་ལྷག་བསམ་རྣམ་དག་གིས་ཤེས་ཡོན་དང་མདུན་ལམ་བསྩལ་དང་སྩོལ་བཞིན་ཡོད་པ་ལ་དགའ་བསུ་དང་ཡི་རང་མཚོན་བྱེད་དུ་ཨ་མུན་སེལ་སློབ་གསོའི་གསེར་གྱི་གཟེངས་རྟགས་གནངས་ཤིང་ཁོང་གིས་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་མཚམས་སྦྱོར་བརྙན་བསྡུས་དང་ངོ་སྤྲོད་བྱས་པས་ཚོགས་ཞུགས་ཡོངས་ལ་ཡིད་འགུལ་ཟབ་མོ་ཐེབས་ཏེ། རྔ་བའི་ན་གཞོན་ཚོང་ཚོགས་ཀྱི་འཐུས་ཚབ་པ་དང་རྔ་བའི་ཚོང་རམས་པ་རྣམས་ཀྱི་འཐུས་ཚབ་མི་སྣ་མང་བོས་དྲི་མེད་ལྷ་དར་དཀར་པོས་ཐོག་དྲངས་ཏེ་བཀའ་དྲིན་ཞུས་ཤིང་ཁོ་ཚོར་མཚོན་ན་ཁྱེད་ཀྱི་རླབས་ཆེན་གྱི་མཛད་རྗེས་ལ་ཡི་རང་དང་དགའ་མགུ་ཡོད་ཅེས་ཚོང་རམས་པ་འགར་མིག་མཐར་མཆི་མ་ལྷུང་བའང་སློབ་གཙོའི་སེམས་ཀྱི་དྲོད་དུ་ཁྱེར་ཡོད།

དེ་དང་བསྟུན་ཏེ་རྔ་བའི་ས་སྒང་དགོན་གྱི་གྲྭ་བཙུན་ཡོན་ཏན་པ་དང་ལྷག་བསམ་ཅན་འཇམ་དབྱངས་མཁྱེན་རབ་ལགས་ལའང་ཨ་མུན་སེལ་ཚང་གིས་ཕ་ཡུལ་རྒྱབ་ཏུ་དོར་ཞིང་རང་དོན་ཡལ་བར་བོར་ནས་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་ལས་དོན་རླབས་པོ་ཆེ་སྒྲུབ་བཞིན་པར་བསྟོད་བསྔགས་དང་བཀའ་དྲིན་ཞུས་ཡོད།

དེ་རིང་ནས་ཨ་མུན་སེལ་རྟགས་མའི་སྐབས་གསུམ་པའི་གླུ་དབྱངས་འགྲན་སྡུར་ཉིན་གསུམ་རིང་བསྟུད་མར་སྤེལ་རྒྱུ་རེད།

ཚོགས་རའི་ཟུར་ངོས་ཤིག

ཨ་མུན་སེལ་སློབ་གསོའི་གསེར་གྱི་གཟེངས་རྟགས་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གཙོ་རྟའུ་ཐུབ་བསྟན་ཉི་མར་འབུལ་བཞིན་པ།

ཨ་མུན་སེལ་སློབ་གསོའི་གསེར་གྱི་གཟེངས་རྟགས།

ཨ་མུན་སེལ་སློབ་གསོའི་གསེར་གྱི་རྟགས་མ།

དེབ་རབས་བོད་ཀྱི་ཕུལ་བྱུང་སློབ་གསོ་བ་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གཙོ་རྟའུ་ཐུབ་བསྟན་ཉི་མས་གསུང་བཤད་གནང་བཞིན་པ།

རྔ་བའི་ཚོང་རམས་པ་རྣམས་ཀྱིས་ཁོང་ལ་བཀའ་དྲིན་མཚོན་བྱེད་དུ་ཁ་བཏགས་འབུལ་བཞིན་པ།

རྔ་བ་རྫོང་ཨ་མུན་སེལ་རིག་གནས་དར་སྤེལ་ཁང་གི་གཙོ་འགན་པ་བློ་འཕྲིན་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

 

གཙོ་སྒྲུབ་ལས་ཁུངས།

རྔ་བ་རྫོང་རིག་རྩལ་རྒྱང་སྒྲོག་གསར་འགྱུར་དཔེ་སྐྲུན་ཅུས།

རྔ་བ་རྫོང་སློབ་གསོ་ཅུས།

རྔ་བ་རྫོང་ཨ་མུན་སེལ་རིག་གནས་དར་སྤེལ་ཁང་།

 

 

 

 

21.08.2018

 

 

 

22.August 2018

 

 

 

Juni 2018 Golok

མགོ་ལོག་ས་གནས་ཀྱི་ལས་བྱེད་ཁྱིམ་ཚང་འགས་ལོ་ལྟར་ལྷག་བསམ་གཙང་མའི་ངེད་སློབ་གྲྭའི་སློབ་མ་དག་ལ་ཉིན་གཅིག་གི་འཚོ་བའི་འགྲོ་སོང་ཡོད་ཚད་ཁོ་ཚོས་གཏོང་བ་མ་ཟད། ཟ་མ་ཡང་ཁོ་རང་ཚོས་ལས་ནས་དགེ་སློབ་ཡོངས་ལ་ད་དུང་བཀའ་དྲིན་ཞུ་བཞིན་འདུག རྒྱུ་མཚན་ཁོ་ཚོས་བཤད་པར་རྟ་བྲག་སློབ་གྲྭ་ནི་ང་ཚོའི་མགོ་ལོག་ས་ཁུལ་གྱི་བྱིས་པ་དམིགས་བསལ་བ་དག་གི་གཞི་ཁྱིམ་དྲོན་མོ་ཞིག་ཡིན་པས་ང་ཚོས་ངེད་པར་དུ་རང་ནུས་ཅི་ལྕོག་གི་རྒྱབ་སྐྱོར་བྱེད་དགོས་ཟེར།

果洛州机关单位的几位爱心人士来到我校,他们自备食材亲自下厨为我校学生带来了一顿既营养又美味的午餐;在此期间他们表示,道扎是果洛孤儿的一个大家庭,作为一名果洛人,他们将一如既往的支持与关注学校的发展,并组织更多的人参与到他们的行动当中。

 

 

 

 

May 2018 GOLOK

རྨ་ཆེན་རྫོང་སྐབས་དྲུག་པའི་སློབ་གྲྭ་ཆུང་འ ...

 

རྨ་ཆེན་རྫོང་སྐབས་དྲུག་པའི་སློབ་གྲྭ་ཆུང་འབྲིང་གི་ཅོ་ཀའི་དྲུག་འགྱུར་གསེར་བུམ་རྟགས་མའི་བསླབ་བཞིའི་སྦྱོང་སྤྱོད་འགྲན་སྡུར་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་རུ་སྤེལ། ཐེངས་འདིའི་འགྲན་སྡུར་ཁ་བྱང་ནི་བོད་ཡིག་དང་གྲངས་རིག་གི་བརྗོད་བྱ་ཡིན། ཐེངས་འདིའི་འགྲན་སྡུར་ཁྲོད་ཁྱོན་སློབ་གྲྭ་བཅུ་བདུན་དང་སློབ་མ་སྟོང་གསུམ་ལྷག་ཞུགས་ཡོད་པའི་ནང་ནས་བོད་ཡིག་གི་འགྲན་སྡུར་ཁྲོད་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་དམའ་འབྲིང་རིམ་པའི་ཨང་དང་པོ་དང་སློབ་ཆུང་རིམ་པའི་ཕུལ་བྱུང་བྱ་དགའ། སློབ་གྲྭ་སྤྱི་ལ་ཕུལ་བྱུང་རྩ་འཛུགས་པའི་བྱ་དགའ་ཐོབ། གྲངས་རིག་འགྲན་སྡུར་ཁྲོད་དམའ་འབྲིང་རིམ་པའི་ཨང་གཉིས་པ་དང་སློབ་ཆུང་རིམ་པ་ལ་ཕུལ་བྱུང་བྱ་དགའ་བཅས་ཐོབ་པ་མ་ཟད་སློབ་གསོ་ལས་ཁང་གི་མགོ་ཁྲིད་ཀྱིས་གསུངས་པར་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་མ་དག་གི་བློ་རིག་དང་སྤོབས་པ། འཇོན་ཐང་བཅས་ལ་སློབ་གྲྭ་གཞན་པ་དག་གིས་ངེས་པར་དུ་སློབ་སྦྱོང་བྱེད་དགོས། འདི་ལྟ་བུའི་སློབ་གསོའི་ཐབས་ལམ་ཡག་པོ་དེ་ང་ཚོ་ཚང་མས་མིག་དཔེར་བཟུང་ན་འགྲིག་ཞེས་གསུངས་སོང་།

 

 

April 2018

 

 

 

Dezember 2017

གངས་རྒྱན་ན་ཆུང་ཚགས་པར་ནི་རྒྱལ་ཡོངས་ཕུལ་བྱུང་ཚགས་པར་དང་རྒྱལ་ནང་གཅིག་འགྱུར་ཚགས་པར་ཡིན་པ་མ་ཟད་བོད་ཀྱི་སློབ་མ་སྟོང་ཕྲག་མང་པོའི་རྩོམ་ཡིག་འབྲི་སའི་གར་སྟེགས་ཆེན་མོ་ཞིག་ཡིན་ལ་ད་ལོ་སྟེ༢༠༡༧ལོའི་ཟླ་༡༢ པའི་ནང་དུ་ངེད་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་མ་བསོད་ནམས་ནོར་བུ་དང་ཚེ་རིང་གཉིས་ཀྱི་གསེར་ལས་ལྷག་པའི་དེ་རིང་ཞེས་པའི་ལེ་ཚན་ནང་དུ་སྔ་རྗེས་སུ་རྩོམ་ཐུང་གཉིས་བཀོད་པར་གངས་རྒྱན་ན་ཆུང་ཚགས་པར་ཚང་ལ་ཐུགས་རྗེ་ཆེ་ཞུ་བ་ལགས།

06.09.2017

རྟ་བྲག 道扎 Tadra 09:06 མགོ་ལོག་ཁུལ་བུད་མེད་ལྷན་ཚོགས། ཁུལ་བཟོ་ཚོགས་ལས་ཁུངས། ཁུལ་གུང་གཞོན་ཚོགས་པ་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་སྐབས་ཐོག་མའི་དམངས་ཡོངས་གྱེར་འདོན་འགྲན་ཚོགས་ཆེན་མོའི་ཁྲོད་ངེད་སློབ་གྲྭའི་དགེ་རྒན་ཚེ་རིང་སྒྲོལ་དཀར་གྱིས་ཨང་གཉིས་པ་དང་དགེ་རྒན་བློ་བཟང་ཉི་མས་ཨང་གསུམ་པ། བསོད་ནམས་ནོར་བུ། བསོད་ནམས་ཆོས་གྲགས། ཕག་མོ་ཤེས་རབ། ཕྱུག་འཛོམས་བཅས་སློབ་མ་བཞིས་ཕུལ་བྱུང་བྱ་དགའ་བཅས་བླངས་འདུག་པས་དགེ་སློབ་གཉིས་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་མགོ་ལོག་དམངས་ཡོངས་ཀྱི་གླེར་འདོན་བྱ་འགུལ་ཇེ་ལེགས་ཇེ་རྒྱས་ཡོང་བའི་བཀྲ་ཤིས་རྟེན་འབྲེལ་ཞུ།

 

 

12.03.2017

མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་མ་ཚོས་གནའ་མཁར་ཟི་ལིང་དུ་བོད་ཀྱི་ཡིག་གཟུགས་སྦྱོང་བའི་སྐབས་ཀྱི་པར།

མགོ་ལོག་བྲག་དྭ་ཕྲུག་སློབ་གྲྭའི་སྐབས་གསུམ་པའི་དམའ་འབྲིང་ལོ་རིམ་གསུམ་༼འཛིན་གྲྭ་དཙུ་པ་༽པའི་སློབ་མ་བཅོ་ལྔ་ཚེ་རིང་།

མགོ་ལོག་བྲག་དྭ་ཕྲུག་སློབ་གྲྭའི་སྐབས་གསུམ་པའི་དམའ་འབྲིང་ལོ་རིམ་གསུམ་༼འཛིན་གྲྭ་དཙུ་པ་༽པའི་སློབ་མ་སྐལ་བཟང་རྒྱ་མཚོ།

མགོ་ལོག་བྲག་དྭ་ཕྲུག་སློབ་གྲྭའི་སྐབས་གསུམ་པའི་དམའ་འབྲིང་ལོ་རིམ་གསུམ་༼འཛིན་གྲྭ་དཙུ་པ་༽པའི་སློབ་མ་ཚེ་རིང་སྐལ་བཟང་།

མགོ་ལོག་བྲག་དྭ་ཕྲུག་སློབ་གྲྭའི་སྐབས་གསུམ་པའི་དམའ་འབྲིང་ལོ་རིམ་གསུམ་༼འཛིན་གྲྭ་དཙུ་པ་༽པའི་སློབ་མ་ཐུབ་བསྟན།

 

 

07.01.2017

 མཚོ་སྔོན་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་སྟེ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་ངེད་སློབ་གྲྭའི་སློབ་མ་དག་ལ་རིན་ཐང་བྲལ་བའི་འཆད་ཁྲིད་གནང་བར་སྙིང་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས།

非常感!青海范大学民院院长加义扎博教授我校孩子们进

 

 

 

 

02.01.2017

 

དེ་རིང་ནས་བོད་ཀྱི་ཡིག་མཁན་གྲགས་ཅན་བསྟན་པ་རྒྱ་མཚོ་ལགས་ངེད་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭས་གནའ་མཁར་ཟི་ལིང་དུ་གདན་དྲངས་ནས་སློབ་བུ་ཚོར་ཡིག་གཟུགས་ཁྲིད་པའི་མགོ་བརྩམས་པ།

今天我校有幸到了藏族著名法大丹巴降措到西宁孩子上藏文

 

 

14.05.2016 - 24.09.2016

14.05.2016

 

 

 

10.05.2016

 

 

 

09.05.2016

 

 

 

24.04.2016

14.04 2016

Januar 2016







 

06.Dezember 2015


25.04.2015_GOLOK