Kinderdorf in Kham ཁམས་རྟ་བྲག་བུ་ཁྱིམ་

བུ་ཕྲུག་ཁྱིམ་སྡེ་འདི་ཉིད་སྔོན་དུས་ཁམས་ཀྱི་ཞིང་ཆེན་གྱི་ཆ་ཤས་སུ་གཏོགས་པའི་རྟའུ་གྲོང་ཁྱེར་ཆུང་ཆུང་དུ་ཆགས་ཡོད་ཅིང་ ཡུལ་མི་མང་ཆེ་བ་ནི་ཉམས་ཆུང་འབྲོག་པ་ཡིན་པ་དང་ བརྒྱ་ཆ་ ༨༠ སྐོར་ཡིག་རྨོངས་ཡིན་ཤར་ཕྱོགས་ཁུལ་གྱི་བོད་རིགས་ལ་ཁམས་པ་ཟེར་ཅིང་ གདོང་དབྱིབས་ལེགས་ཤིང་དམིགས་གསལ་གྱི་གཟུགས་བོང་ཆེ་བ་ ལོ་རྒྱུས་སུ་གྲགས་པའི་དཔའ་ངར་དང་སྙིང་སྟོབས་ཅན་ཡིན་པ་དང་ རྟ་བཞོན་རྩལ་ཕུལ་དུ་ཕྱིན་པ་བྱང་ཨ་རིའི་ས་ཁུལ་གྱི་མི་རིགས་དང་ཤིན་ཏུ་མཚུངས་པ་མ་ཟད་ དེ་དག་གི་དམག་ལས་ཀྱི་བྱ་སྤྱོད་དང་མཚུངས་པའི་ཐོག་ལག་ཤེས་འཐག་ལས་ཀྱི་དཔེ་རིས་རྣམས་ཀྱང་ཧ་ཅང་ཡ་མཚན་པར་མཚུངས་

 

ཁམས་རྟའུ་བུ་ཁྱིམ་ཆགས་གནས་སྟོན་པའི་ས་ཁྲ་
ཁམས་མོ་སྨྲོས་པའི་བོད་ཤར་ཕྱོགས་ཀྱི་བུ་མེད་
ཁམས་པ་སྨྲོས་པའི་བོད་ཤར་ཕྱོགས་ཀྱི་སྐྱེས་པ་ཕོ་

 

Landschaft in Kham ཁམས་ཀྱི་ཡུལ་ལྗོངས་

རྟའུ་

རྟའུ་ནི་སྔོན་བོད་ཀྱི་ས་མཚམས་གྲོང་སྡེ་དར་རྩེ་མདོའི་ {རྒྱ་མིང་མཁའ་ལྡིང་}བརྒྱུད་ལམ་མེ་ཉག་དང་མགར་ཐར་གྱི་ཉེ་འཁོར་དུ་ཆགས་ཡོད་པ་དར་མདོ་ནས་སྣུམ་འཁོར་ཆུང་ཆུང་ནང་ཆུ་ཚོད་དྲུག་ཙམ་གྱི་ལམ་ལ་ཡོད་ གྲོང་ཁྱེར་འདི་ཉིད་ཡིད་འོངས་བཀོད་མཛེས་སྔོ་ལྗངས་ཅན་གྱི་ཡུལ་ལྗོངས་ཤིག་ཡིན་པ་དང་གྲོང་ཁྱེར་འདིའི་བོད་མི་མང་ཆེ་བའི་གནས་སྡོད་བྱ་ཡུལ་ནི་གྲོང་བརྡལ་གྱི་ཕྱི་རོལ་ཏུ་ཡིན་ཏེ་དེང་སྐབས་་གྲོང་ཁྱེར་འདིའི་ས་གནས་མང་ཆེ་བ་ནི་གནས་སྤོས་རྒྱ་མིའི་ཁེངས་ཡོད་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ནགས་ཚལ་རྩ་མེད་དུ་འགྲོ་བའི་ལས་འགུལ་བྱས་ཡོད་ཀྱང་ད་དུང་བོད་ཤརཕྱོགས་ཁུལ་དུ་ཤིང་ནགས་ཀྱི་ས་ཁུལ་ཆ་ཤས་ལྷག་ཡོད་པའི་ཡུལ་ལྗོངས་དེ་དག་གི་བཀོད་པ་དང་མཛེས་ཉམས་སུད་སི་དང་ཨ་སུ་ཏྲི་ཡའི་ཡུལ་དང་འདྲ་ཞིང་མཚུངས་ཐུབ་པ་ཡོད་

ཁམས་ཀྱི་ཡུལ་ལྗོངས་

 

 

Kinderdorf བུ་ཕྲུག་ཁྱིམ་སྡེ་

ང་ཚོའི་བུ་ཕྲུག་ཁྱིམ་སྡེ་ནི་རྟའུ་གྲོང་ནས་སྤྱི་ལེ་གསུམ་ཙམ་གྱི་འཛི་ནའི་གྲོང་བརྡལ་གཙང་པོའི་འགྲམ་དུ་ཆགས་ཡོད་ཅིང་ས་ཆ་རྒྱ་ཁྱོན་མྭི་གྲུ་བཞི་ ༢༥༠༠༠༠ ཡོད་པར་མཐའ་ལྕགས་རིའི་བསྐོར་ཡོད་ བྲག་མགོ་དང་དེ་ནས་ནུབ་ཕྱོགས་སུ་ཐད་བསྐྱོད་ཀྱི་ཚོང་ལམ་ལྟེ་བའི་ལམ་ཏུ་ཆགས་ཡོད་

འཆར་གཞིའི་འཕེལ་རྒྱས་

རྒྱ་གཞུང་ནས་ཆོག་མཆན་བཀའ་ཁྲོལ་བྱུང་འཕྲལ་ང་ཚོའི་ཁང་པ་ཐོག་མ་དེ་རྒྱབ་མགོ་བཙུགས་འཇར་མན་ནས་རོགས་དངུལ་བསྡུ་སྒྲུབ་ཆེད་ལས་དོན་སྣ་ཚོགས་ཀྱི་བྱ་བར་ཧུར་བརྩོན་བྱས་ཏེ་གཏམ་བཤད་སྤེལ་བ་པར་དང་གློག་བརྙན་འགྲེམ་སྤེལ་བོད་ཀྱི་དྲན་རྟེན་དངོས་རིགས་འགྲེམ་ཚོང་དུས་སྟོན་ཁག་ཏུ་ཟས་རིགས་སྤུས་འཚོང་མང་ཚོགས་ལ་གནས་ཚུལ་གསལ་བསྒྲགས་དང་བོད་ཀྱི་གླུ་གར་གྱི་མཚན་ཚོགས་སོགས་བྱས་

ང་ཚོའི་སློབ་ཁང་དང་པོ་དེ་འཛུགས་སྐྲུན་གྲུབ་རྗེས་ང་ཚོའི་ཐོག་མའི་བུ་ཕྲུག་ཚོའི་པར་འགྲེམ་སྤེལ་བྱ་ཐུབ་པ་ནས་བཟུང་ཡོ་རབ་ས་ཁུལ་ཡོངས་སུ་ང་ཚོའི་ཚོགས་པའི་སྙན་གྲགས་གོང་ནས་གོང་འཕེལ་དུ་སོང་བ་རེད་ང་ཚོའི་གོ་རྟོགས་དང་ཞིབ་ཚགས་དམ་པོའི་ལས་ལ་ནུས་ཤུགས་ཕྱུང་བ་དང་འབད་རྩོལ་བགྱིས་པའི་དབང་གིས་ཚང་མས་ཡིད་ཆེས་དང་ངེས་ཤེས་ཀྱིས་རྒྱབ་སྐྱོར་གནང་བ་རེད་ང་ཚོའི་ཚོགས་པའི་སྙན་གྲགས་འཕེལ་རིམ་བཞིན་རྒྱབ་སྐྱོར་དང་རོགས་རམ་བྱེད་མཁན་ཀྱང་རྒྱ་ཆེ་རུ་ཕྱིན་པ་རེད་ མཇུག་འབྲས་དེ་དག་ལ་རྟེན་ང་ཚོའི་བུ་ཕྲུག་གི་ཁྱིམ་སྡེ་དང་པོའི་འཛུགས་བསྐྲུན་དེ་ལོ་ངོ་བརྒྱད་ཀྱི་ནང་གཙང་གྲུབ་བྱུང་ཐུབ་པ་རེད་༢༠༠༧ ལོར་ང་ཚོས་ལོ་ངོ་བཅུ་འཁོར་བའི་དུས་དྲན་གྱི་རྟེན་འབྲེལ་བྱས་པ་རེད་

 

རྟའུ་བུ་ཕྲུག་ཁྱིམ་སྡེ་

 

 

Dawu རྟའུ་བུ་ཕྲུག་ཁྱིམ་སྡེ་

ང་ཚོའི་བུ་ཕྲུག་ཁྱིམ་སྡེ་ནི་རྟའུ་གྲོང་ནས་སྤྱི་ལེ་གསུམ་ཙམ་གྱི་འཛི་ནའི་གྲོང་བརྡལ་གཙང་པོའི་འགྲམ་དུ་ཆགས་ཡོད་ཅིང་ ས་ཆ་རྒྱ་ཁྱོན་མྭི་གྲུ་བཞི་ ༢༥༠༠༠༠ ཡོད་པར་མཐའ་ལྕགས་རིའི་བསྐོར་ཡོད་བྲག་མགོ་དང་དེ་ནས་ནུབ་ཕྱོགས་སུ་ཐད་བསྐྱོད་ཀྱི་ཚོང་ལམ་ལྟེ་བའི་ལམ་ཏུ་ཆགས་ཡོད་

འཆར་གཞིའི་འཕེལ་རྒྱས་Projektentwicklung

རྒྱ་གཞུང་ནས་ཆོག་མཆན་བཀའ་ཁྲོལ་བྱུང་འཕྲལ་ང་ཚོའི་ཁང་པ་ཐོག་མ་དེ་རྒྱབ་མགོ་བཙུགས་ འཇར་མན་ནས་རོགས་དངུལ་བསྡུ་སྒྲུབ་ཆེད་ལས་དོན་སྣ་ཚོགས་ཀྱི་བྱ་བར་ཧུར་བརྩོན་བྱས་ཏེ་ གཏམ་བཤད་སྤེལ་བ་ པར་དང་གློག་བརྙན་འགྲེམ་སྤེལ་ བོད་ཀྱི་དྲན་རྟེན་དངོས་རིགས་འགྲེམ་ཚོང་ དུས་སྟོན་ཁག་ཏུ་ཟས་རིགས་སྤུས་འཚོང་ མང་ཚོགས་ལ་གནས་ཚུལ་གསལ་བསྒྲགས་དང་བོད་ཀྱི་གླུ་གར་གྱི་མཚན་ཚོགས་སོགས་བྱས་ང་ཚོའི་སློབ་ཁང་དང་པོ་དེ་འཛུགས་སྐྲུན་གྲུབ་རྗེས་ང་ཚོའི་ཐོག་མའི་བུ་ཕྲུག་ཚོའི་པར་འགྲེམ་སྤེལ་བྱ་ཐུབ་པ་ནས་བཟུང་ཡོ་རབ་ས་ཁུལ་ཡོངས་སུ་ང་ཚོའི་ཚོགས་པའི་སྙན་གྲགས་གོང་ནས་གོང་འཕེལ་དུ་སོང་བ་རེད་ང་ཚོའི་གོ་རྟོགས་དང་ཞིབ་ཚགས་དམ་པོའི་ལས་ལ་ནུས་ཤུགས་ཕྱུང་བ་དང་འབད་རྩོལ་བགྱིས་པའི་དབང་གིས་ཚང་མས་ཡིད་ཆེས་དང་ངེས་ཤེས་ཀྱིས་རྒྱབ་སྐྱོར་གནང་བ་རེད་ང་ཚོའི་ཚོགས་པའི་སྙན་གྲགས་འཕེལ་རིམ་བཞིན་རྒྱབ་སྐྱོར་དང་རོགས་རམ་བྱེད་མཁན་ཀྱང་རྒྱ་ཆེ་རུ་ཕྱིན་པ་རེད་ མཇུག་འབྲས་དེ་དག་ལ་རྟེན་ང་ཚོའི་བུ་ཕྲུག་གི་ཁྱིམ་སྡེ་དང་པོའི་འཛུགས་བསྐྲུན་དེ་ལོ་ངོ་བརྒྱད་ཀྱི་ནང་གཙང་གྲུབ་བྱུང་ཐུབ་པ་རེད་༢༠༠༧ ལོར་ང་ཚོས་ལོ་ངོ་བཅུ་འཁོར་བའི་དུས་དྲན་གྱི་རྟེན་འབྲེལ་བྱས་པ་རེད་

 

ལོ་ངོ་བཅུ་འཁོར་བའི་དུས་དྲན་རྟེན་འབྲེལ་སྐབས་བུ་ཕྲུག་རྣམས་ནས་བོད་བྲོ་འཁྲབ་བཞིན་པ་
རྟའུ་གྲོང་མི་རྣམས་ནས་ཐུགས་རྗེ་ལེགས་གསོལ་ཆེད་མཇལ་དར་གཏོང་བཞིན་པ་
༢༠༠༩ དབྱར་དུས་སུ་རྟའུར་ང་ཚོའི་བུ་ཕྲུག་ མ་ཚབ་ དགེ་རྒན་ལྷན་འཛོམས་

 

 

Waisenhäuser དྭ་ཕྲུག་གསོ་སྐྱོང་ཁང་

ང་ཚོའི་དམིགས་ཡུལ་ནི་པེསི་ཏ་ལོ་རྫི་དཔེ་མཚུངས་བུ་ཕྲུག་ཁྱིམ་སྡེ་ཞིག་འཛུགས་བསྐྲུན་བྱ་རྒྱུ་དེ་ཡིན་རྒྱུ་རྐྱེན་ནི་འཆར་འགོད་ཚོགས་པ་འདིའི་ཚོགས་མི་གསུམ་འཇར་མན་པེསི་ཏ་ལོ་རྫིའི་བུ་ཕྲུག་ཁྱིམ་སྡེའི་ནང་འཚར་ལོང་བྱུང་བ་དང་པེསི་ཏ་ལོ་རྫིའི་དྭ་ཕྲུག་ཁྱིམ་སྡེའི་ནང་དུ་ཕྲུ་གུ་ཚོར་བརྩེ་བའི་ཕྱུག་པའི་དུད་ཚང་གཅིག་གི་འཁོར་ཡུག་ནང་འཚར་ལོང་དང་སེམས་ལ་གུད་ཆགས་ཀྱི་ཚོར་བ་ལས་བྲལ་བའི་ཐབས་ལམ་ལ་འབད་བརྩོན་ལྷུར་ལེན་བྱེད་པའི་མ་ཚད་བུ་ཁྱིམ་གཅིག་གི་ནང་དུ་བུ་ཕྲུག་༡༥ཡོད་པ་དེ་དག་ལ་མ་ཚབ་རེའི་བྱམས་བརྩེའི་གཅེས་སྐྱོང་བྱས་པར་རྟེན་ཕྲུ་གུ་ཚོར་གཉུག་མའི་རང་ཁྱིམ་གྱི་སྣང་བ་དང་ཚོར་བ་ཡོང་གི་ཡོད་པ་རེད་ཁང་པ་རྣམས་ས་ཁུལ་བོད་རིགས་ཀྱི་སྲོལ་ལུགས་ལྟར་བསྐྲུན་ཡོད་འཛུགས་སྐྲུན་འདི་དག་ཉེ་འཁོར་ས་གནས་ཀྱི་བབས་དང་བསྟུན་སྟེ་སྤུས་ལྡན་བཟོས་ཡོད་པར་རྟེན་ས་ཁུལ་འདིརşས་ཡོམ་གྱི་འབྱུང་རྐྱེན་མང་སྟེ་སྔོན་ལོར་ས་འགུལ་བྱུང་སྐབས་ཀྱང་གནོད་འཚེ་བྲལ་བའི་དགེ་མཚན་ཆེན་པོ་མངོན་ཐུབ་ཡོད་བཟོ་སྐྲུན་རྒྱུ་ཆར་ཤིང་ས་ཕག་རྡོ་བྱེ་དང་ཨར་འདམ་སོགས་བེད་སྤྱོད་བཏང་ཡོད་ཁང་ཁྱིམ་སོ་སོའི་མདུན་རོལ་ཏུ་འཁོར་ཁྱིམ་ཆེན་པོ་ར་བའི་བསྐོར་ཡོད་པ་དང་ཁང་པ་རྣམས་ཀྱི་མཚོན་རྩི་བོད་ཀྱི་སྲོལ་རྒྱུན་ལྟར་མཚོན་ཡོད་དུད་ཁྱིམ་རྣམས་ཀྱི་རྩེགས་གཉིས་པར་ཕྲུ་གུའི་ཉལ་ཁང་ལྔ་མ་ཚབ་དང་དགེ་རྒན་གྱི་ཉལ་ཁང་གཉིས་ཁྲུས་ཁང་གཉིས་དང་གསང་སྤྱོད་གཉིས་བཀྲུ་བཤལ་ཁང་ཆེན་པོ་གཅིག་བཅས་ཡོད་ཞབས་རྩེགས་སུ་ཚོགས་ཁང་ཆེན་པོགཅིག་སློབ་མ་རྒན་རིམ་རྣམས་ཀྱི་ཉལ་ཁང་མཛོད་ཁང་གཅིག་དང་འགྲུལ་ཁང་གཅིག་བཅས་ཡོད་གོང་གསལ་དུད་ཁྱིམ་བདུན་འཛུགས་བསྐྲུན་གྲུབ་པའི་སྐབས་སུ་དུད་ཁྱིམ་རྣམས་ལ་རྒྱུ་སྦྱོར་ཡོན་བདག་སོ་སོའི་མིང་བཏགས་པ་དང་ཕྲུ་གུ་རྣམས་ལ་རང་ལ་སྡོད་གནས་རྩལ་མཁན་གྱི་དྲིན་ཆེན་དེ་སུ་ཡིན་མིན་ཤེས་རྟོགས་ཡོང་ཆེད་དུད་ཁྱིམ་རེ་རེའི་ནང་སྦྱིན་བདག་སོ་སོའི་མི་ཚེའི་ལོ་རྒྱུས་ཐུང་ཐུང་རེ་དང་སྐུ་པར་བཅས་བཀོད་ཡོད་

 

རྟའུ་བུ་ཕྲུག་ཁྱིམ་སྡེའི་འཁོར་ཡུག་


ང་ཚོའི་བུ་ཁྱིམ་བདུན་ནས་གཅིག་
སྡོད་ཁང་གི་ཞལ་བ་
ཉལ་ཁང་རེ་རེའི་ནང་ཕྲུ་གུ་གསུམ་རེ
༢༠༠༩ ལོའི་པ་ཏྲིག་ཁྱིམ་ཚང་
ཨུ་ན་ཁྱིམ་ཚང་གི་བུ་ཕྲུག
མང་ངར་ཁྱིམ་ཚང་
ས་བྲོ་ཁྱིམ་ཚང་
ཨན་དྷ་རི་ཡ་ཁྱིམ་ཚང་
གྷ་ཕེལ་ཁྱིམ་ཚང་
ཁ་གྲི་ཕམ་ཁྱིམ་ཚང་

 

Duschhaus

xxx
xxx
xxx
xxx
xxx
xxx

 

Unsere Kinder in Kham ང་ཚོའི་ཁམས་ཀྱི་བུ་ཕྲུག་རྣམས་

Mohnlam Gyatso und Urgyan Lhakyi སྨོན་ལམ་རྒྱ་མཚོ་དང་ཨོ་རྒྱན་ལྷ་སྐྱིད་

སྨོན་ལམ་རྒྱ་མཚོ་ལོ་ངོ་བཞི་ཡིན་དུས་རྟ་བྲག་སློབ་གྲྭའི་གཅེས་ཕྲུག་ཏུ་གྱུར་པ་རེད་རྟ་བྲག་ཚོགས་པའི་སྒྲིག་གཞིར་ཕྲུ་གུ་ལོ་ལྔའི་མན་ཆད་སློབ་ཁོངས་སུ་འཚུད་འཇོག་མི་ཆོག་སྟེ་མ་ཚབ་རེར་ཕྲུ་གུ་ ༡༠ནས་༡༥བར་ལ་བལྟ་སྐྱོང་གི་འོས་འགན་ཡོད་སྟབས་བྱིས་པ་ཆུང་ཆུང་གཉེར་གཏད་བྱས་པ་ཡིན་ཚེ་ལས་འགན་ལ་འཕར་སྣོན་གྱི་ཁུར་པོ་ཆགས་ཀྱི་ཡོད་མ་ཟད་རྟ་བྲག་ཚོགས་པའི་ཕྲུ་གུ་རྣམས་ལ་སློབ་སྦྱོང་ཚད་སྨིན་ལེགས་པོ་སྤྲོད་རྒྱུའི་འདུན་པའམ་དམིགས་ཡུལ་ཁོ་ན་ཡིན་སྟབས་ལོ་ལྔའི་མན་གྱི་ཕྲུ་གུ་ནི་ཆེས་ཆུང་དྲག་པ་རེད་འོན་ཀྱང་སྨོན་ལམ་རྒྱ་མཚོ་དང་ཁོ་རང་གི་སྲིང་མོ་རྣམས་ལ་དམིགས་གསལ་བྱ་དགོས་བྱུང་སྟེ་ཁོ་རང་ཧ་ལམ་ཟླ་བ་དྲུག་སོན་སྐབས་མ་ཚེ་ལས་འདས་མའི་འཆི་རྒྱབ་ཏུ་ལུས་པ་ཁོ་རང་ཁེར་བུ་མ་ཡིན་པར་ད་དུང་སྤུན་མཆེད་དྲུག་ཡོད་ཁོ་ཚོའི་ཕས་ཁྱིམ་ཚང་ལ་བལྟ་སྐྱོང་གི་འགན་ཁུར་མི་བྱེད་བྱེད་ཐུབ་པའི་ནུས་པ་ཡང་མི་ལྡན་སྟེ་ཁོ་རང་ནི་ཆང་རྐྱལ་ལམ་ཆང་རག་རྒྱུན་སྤྱོད་བྱེད་མཁན་ཅིག་ཡིན་སྟབས་ལས་སྣེ་གང་ཡང་ཚུལ་མཐུན་གྱི་བསྒྲུབས་མི་ཐུབ་ང་ཚོའི་སློབ་གྲྭའི་སྤྱི་ཁྱབ་བྱམས་པ་ནས་ཁོ་ཚོའི་ཁྱིམ་ཚང་གི་གནས་སྟངས་ཐོས་འཕྲལ་བལྟ་ཞིབ་བྱེད་ཆེད་ཁོ་ཚོའི་སྡོད་ཡུལ་རྟའུ་ཉེ་འགྲམ་འབྲོག་པའི་ས་ཁུལ་ཏུ་ཕྱིན་པར་ཕྲུ་གུ་རྣམསབཀྲེས་སྐོམ་གྱི་མནར་སྟེ་ཁོ་ཚོའི་ནང་གི་གཅེས་པའི་སྙིང་ནོར་སྨོན་ལམ་རྒྱ་མཚོ་ནི་ཧ་ཅང་ཉེན་ཚབས་ཆེ་བའི་གནས་སུ་གྱུར་ཡོད་པ་དངོས་མཐོང་བྱུང་སྟབས་ཕྲུ་གུརྣམས་འཆི་བ་ལས་སྐྱོབ་པའི་ཕྱིར་ལོ་ན་ཆུང་ཤོས་ཀྱི་ཕྲུ་གུ་བཞི་དེ་མ་ཐག་བུ་ཕྲུག་ཁྱིམ་སྡེ་རུ་ལྷན་ཁྲིད་བྱས་ཏེ་པ་ཏྲིག་དུད་ཁྱིམ་གྱི་མ་ཚབ་ནས་དྭང་བླངས་ཀྱིས་སྨོན་ལམ་རྒྱ་མཚོ་བདག་གཉེར་བྱ་རྒྱུ་ཁས་བླངས་དེ་འཕྲོས་ལོ་ངོ་གསུམ་ཡིན་པའི་ཨོ་རྒྱན་ལྷ་སྐྱིད་གཙོས་ཕྲུ་གུ་གསུམ་པོ་དུད་ཁྱིམ་གཞན་པ་རྣམས་ལ་འགྲེམས་སྤྲོད་བྱས་སྐབས་དེར་སྨོན་ལམ་རྒྱ་མཚོ་ནི་ཚང་མའི་གཅེས་ཕྲུག་ཏུ་གྱུར་ཏེ་མ་ཚབ་རྣམས་དང་དགེ་རྒན་ཚང་མས་བྱམས་སྐྱོང་བྱེད་ཡུལ་ཏུ་གྱུར་༢༠༠༨དགུན་ཁའི་དུས་ཤིག་ལ་སྨོན་ལམ་རྒྱ་མཚོའི་ཕས་རང་ཉིད་ཀྱི་བུ་མོ་རྒན་ཤོས་དེ་ཚོང་པ་རྒྱུ་ཆེན་ཅིག་གི་གཡོག་མོར་བཙོང་བའི་གནས་ཚུལ་ཐོས་པར་ང་ཚོའི་མོ་རང་ཡང་བུ་ཁྱིམ་དུ་ལེན་རྒྱུའི་ཐག་བཅད་ད་སྐབས་ཁོ་ཚོ་མིང་སྲིང་ཐམས་ཅད་ང་ཚོའི་བུ་ཕྲུག་ཁྱིམ་སྡེ་རུ་ཡོད་

 

སྨོན་ལམ་རྒྱ་མཚོ་དང་མིང་སྲིང་རྣམས་ [ཨ་མ་གྲོང་མ་ཐག་པའི་རྗེས་སུ་]
སྨོན་ལམ་བྱམས་པའི་ལྷན་
ཨོ་རྒྱན་ལྷ་སྐྱིད་བུ་ཁྱིམ་དུ་ མ་སླེབས་སྔོན་
བུ་ཁྱིམ་དུ་སླེབས་ནས་ ལོ་གཅིག་སོང་རྗེས་

Namka ནམ་མཁའ་

གསེར་རྟ་ནས་ཡིན་པའི་འབྲོག་པའི་བུ་ནམ་མཁའ་རྟ་བྲག་སློབ་གྲྭར་འཛུལ་ཞུགས་སྐབས་ལོ་ ༡༠ཡིན་པ་དང་ཁོ་རང་གི་མ་ལོ་ཤས་སྔོན་ཚེ་ལས་འདས་པའི་རྗེས་སུ་ཕས་ཁོ་རང་དང་སྤུན་ཆུང་བ་ལྷ་རྡོར་བདག་མེད་དུ་བོར་གཉེན་ཉེ་སུས་ཀྱང་བདག་ཉར་མ་བྱས་སྟབས་ཁོ་རང་གཉིས་ཤིང་ཁང་ཞིག་གི་ནང་ལོ་གཅིག་རིང་བསྡད་ནམ་མཁའ་ནས་རང་ཉིད་ཀྱི་སྤུན་ཆུང་བ་བལྟ་སྐྱོང་བྱས་རོགས་མེད་ཁེར་ལུས་རང་འཚོ་རང་སྐྱོང་དགོས་པར་ལྷག་མ་བོར་བའི་རྫབ་དོང་ནས་ཟས་འཚོལ་སྒྲུབ་བྱས་མཐའ་མའི་དུས་སུ་ཨ་མྱེ་ནང་མིས་ལྷ་རྡོར་བདག་ཉར་བཟོས་ཏེ་ནམ་མཁའ་ཆ་རྒྱུས་མེད་པའི་དུད་ཚང་ཅིག་ཏུ་སྤྲད་དེ་སྐབས་ལོ་བརྒྱད་ཡིན་ཅིང་ནང་སྔ་མོ་ནས་དགོངས་མཚན་མོ་བར་ཟོག་བརྫི་དང་མེ་ཤིང་འཐུ་བ་སོགས་ཐ་ཞལ་གྱི་ལས་སྣེ་སྣ་ཚོགས་བྱས་ནམ་མཁའ་༢༠༠༡ལོར་རྟ་བྲག་བུ་ཁྱིམ་དུ་འཚུད་འཇུག་བྱུང་བར་དགའ་སྤྲོ་ཚད་འདས་ཀྱི་ཐུགས་རྗེ་ལེགས་གསོལ་དང་བཀའ་དྲིན་དྲན་ཤེས་ཀྱིས་ལོ་གསར་གུང་སེང་དུས་སུ་ཡང་བུ་ཁྱིམ་རང་དུ་བསྡད་ཁོས་རྒྱུན་དུ་བཀའ་དྲིན་བསམ་ཤེས་ཀྱི་དྲན་བཞིན་ཐོག་ཕྲུ་གུ་ཚོར་རོགས་སྐྱོར་དང་ཁྱིམ་སྡེའི་འཛིན་སྐྱོང་དབུ་ཁྲིད་རྣམས་དེ་མཚུངས་དགེ་རྒན་རྣམ་པར་མཐུན་གྱུར་ཞབས་འདེགས་གང་ཐུབ་ཞུ་བར་བརྩོན་པ་ལྷུར་ལེན་བྱས་རྒྱུ་མཚན་དེ་དག་ལ་བརྟེན་ཁོ་རང་དུས་ཡུན་ཐུང་ངུའི་ནང་ཡིད་ཆེས་བློས་འཁེལ་བྱ་ཡུལ་གྱི་སློབ་མ་ཞིག་ཏུ་གྱུར་ཡོང་བཞིན་པའི་ལོ་རིམ་རྣམས་སུ་ཁོ་རང་ནས་བུ་ཕྲུག་ཁྱིམ་སྡེའི་ཕྱིའབྲེལ་གྱི་ལས་སྣེའི་འགན་ཁུར་གདོང་ལེན་བྱས་ནམ་མཁའ་རྟ་བྲག་བུ་ཁྱིམ་ནང་འཛུལ་ཞུགས་མ་བྱས་པའི་སྔོན་རོལ་ཏུ་སློབ་གྲྭར་རྩ་བ་ནས་འགྲོ་མྱོང་མེད་པར་རྟེན་དང་ཐོག་ཁོ་རང་ལ་དཀའ་འཚེགས་དང་སྒྲིག་སྲོལ་དང་མཐུན་པའི་སློབ་གཉེར་གྱི་ལམ་ཕྱོགས་ལ་གདོང་ལེན་བྱ་རྒྱུར་ཁག་པོ་བྱུང་བ་རེད་ཐོག་མར་ཁོ་རང་ལ་འཇོན་ཐང་དངནུས་པ་ཆེར་མ་མངོན་ཀྱང་ལོ་ཤས་ནང་ཡར་རྒྱས་སུ་སོང་སྟེ་རང་ཉིད་ཀྱི་འཛིན་གྲྭའི་ནང་གི་སློབ་མ་ཡག་ཤོས་སུ་གྱུར་པ་དང་རིམ་བཞིན་དམའ་རིམ་སློབ་གྲྭའི་ཡིག་ཚད་ཁྱོལ་ཏེ་འབྲིང་རིམ་སློབ་གྲྭར་བསྐྱོད་ཐུབ་པ་བྱུང་ཁོ་རང་ནི་དབྱིན་སྐད་ལ་ཡིད་དབང་ཤོར་སྟེ་དམིགས་གསལ་གྱིས་སྦྱང་བརྩོན་བྱས་པའི་དབང་གིས་རྟ་བྲག་སློབ་གྲྭའི་སྐད་བསྒྱུར་དུ་གྱུར་པའི་མ་ཚད་གུང་སེང་སྐབས་སློབ་ཁྲིད་ཀྱང་བྱས་པ་རེད་མཐོ་རིམ་སློབ་གྲྭར་ཞུགས་ནས་ད་སྐབས་ལོ་གཉིས་སོང་བ་དང་ཡིག་ཚད་ཀྱི་གྲུབ་འབྲས་ཁྱད་དུ་འཕགས་པ་བྱུང་དང་ཐོག་ཁོ་རང་བོད་སྨན་སྦྱང་རྒྱུར་འདོད་མོས་ཡོད་ཨ་མ་ཚེ་ལས་འདས་པ་ནས་བཟུང་སྨན་སྦྱང་རྒྱུའི་རེ་འདུན་སྙིང་ལ་བཅང་སྟེ་ཉམས་ཐག་དབུལ་པོ་ཁོ་རང་རིགས་མཐུན་གྱི་མི་རིགས་ལ་རོགས་སྐྱོབ་བྱ་རྒྱུའི་བསམ་འདུན་བྱུང་བ་རེད་རྒྱུ་རྐྱེན་ནི་ཁོ་རང་གི་ཁྱིམ་ཚང་ལ་ཨ་མ་ནད་པར་སྨན་པ་བསྟེན་རྒྱུ་དང་སྨན་ཡོན་འཇལ་ཐུབ་པའི་ནུས་མཐུ་དང་ཆ་རྐྱེན་མེད་པའི་དབང་གི་རེད་

 

Konchok དཀོན་མཆོག་

དཀོན་མཆོག་ནི་ལོ་དྲུག་ཡིན་པ་དང་རྟའུ་ནས་སྤྱི་ལེ་མང་པོའི་བྱང་ཕྱོགས་ཀྱི་ས་ཁུལ་རྫ་ཆུ་ཁ་འབྲོག་སྡེ་ནས་རེད་མོ་རང་ཕ་མ་གཉིས་ཤི་བའི་རྗེས་རྟ་བྲག་སློབ་གྲྭར་སླེབས་སྐབས་བུ་མོ་ཆུང་ཆུང་ཡིན་ཅིང་མོ་རང་ལ་བལྟ་སྐྱོང་བྱེད་མཁན་ཨ་ཁུ་ཨ་ནེ་མེས་པོའི་ཕ་མ་སོགས་སུ་ཡང་མེད་མོ་རང་ལ་ཐུག་འཕྲད་བྱེད་དུ་ཡོང་མཁན་སུ་ཡངམེད་སྟབས་གུང་སེང་སྐབས་དྭ་ཕྲུག་ཁྱིམ་སྡེ་རང་དུ་སྡོད་པ་རེད་དཀོན་མཆོག་བུ་ཁྱིམ་དུ་འབྱོར་ནས་ཆེར་མ་སོང་བའི་སྐབས་ཤིག་ལ་རྣ་ཁུང་ལ་ནད་གཞི་ཞིག་བྱུང་རྐྱེན་རྣ་བ་གཅིག་འོན་པ་དང་རྣ་བ་གཉིས་པ་ཡང་སྒྲིབ་སྟེ་ཉམས་པའི་རྐྱེན་གྱིས་གསལ་པོ་གོ་མི་ཐུབ་པར་གྱུར་ཡིད་ཕམ་པ་ཞིག་ལ་ང་ཚོས་ཐབས་ཤེས་གང་ཡོད་ཀྱིས་ཕྲེང་འདུའི་སྨན་ཁངས་རྣམས་སུ་བསྟེན་ཏེ་སྨན་པ་རྣམས་ནས་སླར་གསོ་བའི་ཐབས་ནུས་ལ་འབད་ཀྱང་དོན་འབྲས་མ་ཐོན་གོ་ཐོས་ལ་ཕན་གྲོགས་སྟེར་བའི་ཡོ་བྱད་ཀྱིསཀྱང་མོ་རང་ལ་ཕན་ནུས་ཆེར་མ་སྦྱིན་མཐར་མོ་རང་དབང་པོ་སྐྱོན་ཅན་དུ་གྱུར་རུང་ཀུན་སློང་དང་སེམས་ནུས་ཀྱིས་འབད་བརྩོན་ལྷུར་ལེན་བྱས་པ་ལ་བརྟེན་ད་སྐབས་རྟའུསློབ་འབྲིང་དུ་སློབ་བཞིན་ཡོད་ཅིང་ཁྱད་འཕགས་ཀྱི་སློབ་མ་ལེགས་པོ་ཞིག་ཏུ་ར་འཕྲོད་ཐུབ་པ་བྱུང་ཡོད་མོ་རང་ནི་བྱེད་སྒོ་ཡོད་དོ་ཅོག་ལ་དངས་ལེན་གྱིས་ཧུར་བརྩོན་བྱེད་མཁན་ཅིག་དང་ཞབས་བྲོ་འགྲན་བསྡུར་ཁག་དང་རྩེད་རིགས་ཡོངས་ཀྱི་ཁོངས་སུ་ཞུགས་རྒྱུར་དགའ་པོ་ཡོད་མཁན་ཅིག་རེད་རྟ་བྲག་བུ་ཕྲུག་ཁྱིམ་སྡེའི་མ་ཚབརྣམས་དང་དགེ་རྒན་དེ་བཞིན་བུ་ཕྲུག་ཡོངས་ཀྱིས་མོ་རང་ནས་ཧུར་ཐག་བྱས་པའི་འབད་རྩོལ་ལ་རམ་འདེགས་རོགས་སྐྱོར་དང་མོ་རང་གི་དབང་སྐྱོན་ལ་ཚོར་བ་མིའབྱུང་བའི་ཆེད་ནམ་ཞག་རྒྱུན་གཏན་གཟབ་པ་ལྷུར་ལེན་བྱེད་ཀྱི་ཡོད་དཀོན་མཆོག་དང་ཨན་དྷི་རི་ཡའི་ཁྱིམ་གྱི་མ་ཚབ་གཉིས་དབར་དམིགས་གསལ་གྱི་མཛའ་བརྩེ་ལྡན་པའི་མཐུན་འབྲེལ་ཟབ་པའི་དབང་གིས་དཀོན་མཆོག་ནས་མོ་ལ་རྒྱུན་ལྡན་དགའ་པོ་དང་ལས་བྱར་དངས་ལེན་གྱིས་རོགས་བྱེད་པ་རེད་མོ་རང་གི་དགའ་ཤོས་ཀྱི་ཟས་ནི་ཞོ་ཡིན་པ་དང་མོ་རང་སྨན་པ་ཞིག་རེད་ཐུབ་པའི་རེ་འདུན་ཡོད་རེད་

 

 

Sonstige Bilder པར་རེ་ཟུང་

 

དགྲ་འདུལ་དང་ཆོས་བཟང་
ཨོ་རྒྱན་ལྷ་སྐྱིད་བྷེ་ཡ་ཏི་དང་སློབ་གྲོགས་རྣམས་
ཚེ་རིང་ཆོས་མཚོ་དང་ཀུན་དགའ་ཆོས་སྐྱིད་
ཡེ་ཤེས་སྒྲོལ་མ་
སྨོན་ལམ་རྒྱ་མཚོ་དང་སློབ་གྲོགས་
བྷེ་ཡ་ཏི་ལྷན་བྱམས་པ་ལྷ་མོ་དང་སྐལ་བཟང་ཆོས་སྒྲོན་
སྐལ་བཟང་ཆོས་སྒྲོན་

 

 

Jugendhaus ན་གཞོན་ཁང་པ་

ན་གཞོན་ཁང་པ་དེ་ཡང་བོད་ཀྱི་སྲོལ་རྒྱུན་གྱི་བྱེད་བཟོ་ལྟར་འཛུགས་སྐྲུན་བྱས་ཡོད་ བཟོ་བཀོད་རྒྱུ་རྩལ་གྱི་བཟོ་དབྱིབས་དེེ་ནི་བྱ་ལས་ལ་སྟབས་བདེ་བའི་མ་ཚད་མཛེས་ཉམས་ལྡན་པ་ཆགས་ཡོད་ ཁང་པ་དེར་ལག་ཤེས་སློོབ་ཕྲུག་ཚོ་དང་ འབྲིང་རིམ་སློབ་མའི་ཆེད་ཉལ་ཁང་ ༢༠ མ་ཚབ་དང་དགེ་རྒན་གྱི་ཉལ་ཁང་བཞི་ཡིག་ཚང་ཆེད་ཁང་མིག་གཉིས་ གསང་སྤྱོད་བཞི་ ཁྲུས་ཁང་བཞི་དང་བཀྲུ་བཤལ་ཁང་མིག་བཞི་བཅས་ཡོད་ཁང་པ་དེ་བུ་དང་བུ་མོ་སོ་སོར་དབྱེ་སྡོད་ཆེད་སྡེ་ཚན་གཉིས་སུ་བཅད་ཡོད་

ན་གཞོན་ཁང་པའི་མ་ཚབ་དང་དགེ་རྒན་རྣམས་ནས་འཚར་ལོངས་བྱེད་བཞིན་པའི་གཞོན་སྐྱེས་ཚོར་བལྟ་སྐྱོང་བྱེད་རྒྱུ་དང་དེ་བཞིན་ང་ཚོས་ལང་ཚོ་དར་འཕེལ་དུ་འགྲོབཞིན་པའི་གཞོན་སྐྱེས་ཚོར་རིམ་བཞིན་རང་འཚོ་རང་འཕེར་ཐུབ་པའི་ཐབས་ལམ་སྟོན་ཆེད་དུ་དམིགས་ཏེ་ན་གཞོན་ཁང་པ་དེ་འཛུགས་སྐྲུན་བྱས་པ་རེད་

ན་གཞོན་ཁང་པ་
སྡོད་ཁང་ངམ་ཚོམས་ཁང་
ཨ་མ་སྐལ་བཟང་དང་དགེ་ཚུལ་ཁྲིམས་
ཚོམས་ཁང་ནང་ན་གཞོན་འདུ་འཛོམས་
ལག་ཤེས་སློབ་ཕྲུག་རྣམས་མ་ཚབ་ཀྱི་ལྷན་དུ་

 

Versammlung / Kantine / Küche ཁ་ཟས་ཚོམས་ཆེན་དང་སྤྱི་ཐབ་ཁང་

ང་ཚོར་སྤྲོ་བ་འཕེལ་བ་ཞིག་ལ་ཁ་ཟས་བཟའ་སའི་ཚོམས་ཆེན་དེ་ ༢༠༠༡ ལོར་བཟོ་སྐྲུན་གཙང་གྲུབ་ཐུབ་པར་བརྟེན་ཕྲུ་གུ་རྣམས་དགུན་གྲང་ངར་སྡང་བའི་དུས་སུ་ཁ་ཟས་ཕྱི་རོལ་དུ་ཟ་མི་དགོས་པར་གྱུར་ ཚོགས་ཁང་དེར་འཁྲབ་སྟོན་ཆེད་གར་སྟེགས་ཆུང་ཆུང་ཅིག་དང་ མདུན་ཅོག་དང་རྐུབ་སྟེགས་འཇོག་ཡུལ་ཚོགས་ཁང་འཁོར་རྒྱ་ཆེ་བ་ གཞན་ཡང་ཟུར་དུ་ཁང་ཆུང་གཉིས་ གསང་སྤྱོད་དང་གསོལ་ཐབ་ཁང་བཅས་ཡོད་ཚོམས་ཆེན་དེ་གྲུབ་པ་ནས་བཟུང་ཕྲུ་གུ་ཚོའི་དེའི་ནང་འཁྲབ་སྟོན་ཡང་ཡང་བྱེད་པར་རྟེན་ ཚོམས་ཆེན་དེས་ཕྲུ་གུའི་སྤྱི་ཚོགས་དེ་ཉིད་སྲ་འཕྲེག་ནུས་ལྡན་ཅིག་ཏུ་བཟོས་པའི་མ་ཚད་ ཁོ་ཚོའི་མངོན་འདོད་ཀྱི་དམིགས་ཡུལ་དང་གསར་གཏོད་ཀྱི་བྱ་བར་དམ་འཛིན་དང་འཕེལ་རྒྱས་སུ་འགྲོ་བའི་ཕན་གྲོགས་སུ་ཡང་གྱུར་ཡོད་

ང་ཚོའི་སྤྱི་ཐབ་ཁང་གསར་པ་
རྣམས་གཤོམ་སྒྲིག་བྱེད་བཞིན་པ་
༢༠༠༨ ལོར་བཟོ་བསྐྲུན་དང་རྒྱ་སྐྱེད་བཏང་བ་རེད
སྤོབས་པ་ཆེན་པོའི་ཐབ་སྣོད་གསར་པ་ཆེན་པོ་རྒྱ་སྐྱེད་བཏང་བ་རེད
ང་ཚོའི་བྱམས་ལྡན་གྱི་མ་བྱན་ནས་

 

 

Grundschule སློབ་གྲྭ་

ང་ཚོའི་སློབ་གྲྭ་འཛུགས་སྐྲུན་མགོ་བརྩམ་དུས་སྲིད་གཞུང་ཤེས་རིག་ལྷན་ཁང་ནས་དམ་བསྒྲགས་ཀྱིས་བསྩལ་བའི་བཀོད་སྒྲིག་བཀའ་རྒྱ་ལ་སྲུང་བརྩི་དང་མོས་མཐུན་དམདོན་ཞུ་དགོས་པ་དང་ཆབ་གཅིག་རྟའུ་ནི་རྒྱུན་མར་ས་འགུལ་གྱིས་འཚེ་བའི་ས་གནས་ཤིག་ཏུ་སོང་བར་འཛུགས་སྐྲུན་གྱི་འཆར་འགོད་སྐབས་དེ་ལ་བསམ་ཞིབ་དམ་དོནབྱས་ཡོད་ཅིང་ཁང་ལས་དེ་དག་རྒྱ་ཆེ་ཞིང་ས་འགུལ་གྱི་གནོད་སྐྱོན་ལ་གདོང་ལེན་ཐུབ་པ་དེང་རབ་ཀྱི་སྤུས་ཚད་ལྡན་ཅིངཕྱི་རོལ་གྱི་བཀོད་པ་ཡང་བོད་ཀྱི་གོམས་གསོལམཚོན་པའི་རྣམ་པ་བཟོས་ཡོད་༢༠༠༠ལོར་སློབ་ཁང་འཛུགས་སྐྲུན་གཙང་གྲུབ་བྱུང་བར་ འཛིན་གྲྭ་ཚོགས་ཁང་དྲུག་དཔེ་མཛོད་ཁང་གཅིག་ཚོགས་ཁང་གཅིག་ཚན་རིག་བལྟཞིབ་ཁང་གཅིག་དང་ཡིག་ཚང་གཅིག་བཅས་ཡོད་ང་ཚོའི་དྭ་ཕྲུག་སློབ་གྲྭར་ང་ཚོའི་བུ་ཕྲུག་རྐྱང་པ་མ་ཡིན་པར་ཉེ་འཁོར་གྲོང་གསེབ་ཀྱི་བུ་ཕྲུག་རྣམས་ཀྱང་རིན་མེད་ཀྱི་སློབ་ཏུ་ཡོང་ཆོག་པར་རྟེན་ཕྲུ་གུ་མང་པོར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་

སློབ་གྲྭ་
སློབ་གྲྭ་
ཕྲུ་གུ་རྣམས་རྩེད་མོ་རྩེ་བཞིན་པ་
ང་ཚོའི་ེདགེ་རྒན་རྣམས་
སློབ་གྲྭའི་འཁོར་ཡུག་གི་གཙང་སྦྲ་
སློབ་གྲྭའི་འཁོར་ཡུག་གི་གཙང་སྦྲ་
ཕྱི་ནས་ཕེབས་པའི་གཟིགས་སྐོར་བ་
གུང་སེང་སྐབས་སྟོན་མོ་
༢༠༠༩ ལོའི་འཛིན་རིམ་དང་པོ་
འཛིན་རིམ་གཉིས་པ་
ཛིན་རིམ་གསུམ་པ་
འཛིན་རིམ་བཞི་པ་
འཛིན་རིམ་ལྔ་པ་
འཛིན་རིམ་དྲུག་པ་

 

སློབ་ཁྲིད་ཀྱི་ཐད་ལ་ ས་གནས་སློབ་གྲྭ་ཁག་ཏུ་ཁྲིད་བཞིན་པའི་སློབ་ཚན་རྣམས་རྨང་གཞིར་བརྩི་སྲུང་ཞུ་དགོས་ཐོག་ སློབ་ཚན་རྣམས་བོད་ཀྱི་སྐད་ཡིག་ཐོག་་སློབ་ཁྲིད་ཆོག་པའི་བཀའ་ཁྲོལ་ཐོབ་པ་དང་ འདི་ནས་སློབ་ཆུང་ཐོན་སྐབས་གཞུང་གི་འབྲིང་རིམ་སློབ་གྲྭ་དང་མཐོ་རིམ་རྣམས་སུ་ཞུགས་ཆོག་པའི་ངོས་སྦྱོར་བཀའ་ཁྲོལ་ཐོབ་ཡོད་ཅིང་ དགེ་རྒན་རྣམས་གཞུང་གི་བཀའ་ཁྲོལ་ཆོག་མཆན་ཐོག་བཞག་དགོས་པ་དང་ སློབ་གྲྭའི་ལས་བྱེད་པ་རྣམས་ལ་ཡང་ས་གནས་ཀྱི་གནས་ལུགས་ལ་བསྟུན་ཏེ་གླ་ཕོགས་འོས་ཤིང་མཚམས་པ་སྤྲོད་ཀྱི་ཡོད་

ཟླ་བ་གཡུ་མཚོ་ཡིག་ཚད་འབྲི་བཞིན་པ་
སེང་གེ་འབྲུག་གྲགས་དང་བསྟན་འཛིན་ཕུན་ཚོགས་སློབ་ལ་འབད་བཞིན་པ་
བཀྲིས་སྒྲོལ་དཀར་དབྱིན་སྐད་སློབ་བཞིན་པ་

 

ཕྲུ་གུ་རྣམས་ལ་སློབ་བཞིན་པའི་སློབ་ཚན་ཁག་ནི་ བོད་ཡིག་རྒྱ་ཡིག་དབྱིན་ཡིག་ཨང་རྩིས་གླུ་གཞས་དང་ཞབས་བྲོ་བཅས་ཡིན་དབྱིན་ཡིག་དགེ་རྒན་རྣམས་ནི་དཔེར་ན་འཇར་མན་སུད་སི་དབྱིན་ཡུལ་དང་ཨོ་སི་ཏྲི་རི་ཡ་སོགས་ནས་དང་བླངས་ཀྱིས་ཕེབས་པ་ཤ་སྟག་རེད་ད་སྐབས་ང་ཚོའི་སློབ་གྲྭ་ལདམིགས་བཀར་གྱི་དབྱིན་ཡིག་དང་བོད་ཡིག་གི་སྦྱང་འབྲས་ལ་སྐད་གྲགས་གང་མཚམས་ཐོབ་ཐུབ་པ་བྱུང་ཡོད་ང་ཚོའི་སློབ་ཕྲུག་མང་པོ་ཞིག་ཉེ་འགྲམ་གྱི་ས་གནས་ཁག་ཏུ་འབྲིང་རིམ་དང་མཐོ་རིམ་གྱི་སློབ་གྲྭར་བསྐྱོད་བཞིན་ཡོད་པར་ཁོ་ཚོའི་བོད་ཡིག་དང་དབྱིན་ཡིག་ཤེས་ཚད་ཧ་ཅང་ལེགས་པའི་མ་ཚད་སྤྱི་ཚོགས་དང་འབྲེལ་བའི་གཤིས་སྤྱོད་བཟང་བར་ཚང་མས་དགའ་པོ་དང་བསྟོད་སྔགས་བྱེད་བཞིན་ཡོད་ཁོ་ཚོས་རྒྱུན་དུ་ཡིག་ཚད་ཀྱི་ཨང་རིམ་མཐོན་པོ་ལོན་ཅིང་བྱ་དགའ་དང་དཔེ་བཟང་ཡང་མང་པོ་བླང་ཡོད་དཔེར་ན་ ལོ་ངོ་༡༧ཡིན་པའི་ལྷ་རྡོར་ནས་ར་རྔ་ཁའི་སློབ་མ་ལེགས་ཤོས་ཀྱི་དཔེ་བཟང་ཐོབ་པ་རེད་

 

བྱ་དགའ་ཐོབ་པའི་སློོབ་མ་རྣམས་
༢༠༡༠ ལོའི་ ར་རྔ་ཁ་རུ་ཡོད་པའི་ང་ཚོའི་སློབ་མ་རྣམས་
༢༠༡༠ དར་རྩེ་མདོའི་མཐོ་སློབ་ཏུ་ཡོད་པའི་ང་ཚོའི་སློབ་མ་རྣམས་
༢༠༠༩ དཀར་མཛེས་མཐོ་སློབ་ཏུ་ཡོད་པའི་སློབ་མ་རྣམས་
༢༠༠༩ དར་མདོའི་ཉེ་འཁོར་དུ་སྨན་སློབ་འཆི་མེད་རྡོ་རྗེ་
ཤེས་རབ་རྒྱལ་མཚན་ ༢༠༠༩ ནས་ལྷ་ས་སྨན་རྩིས་ཁང་དུ་སྨན་སྦྱོང་བཞིན་པ་

 

Schulbibliothek

 

 

Handwerksschule

ལག་ཤེས་སློབ་གྲྭ་

ང་ཚོའི་ལག་ཤེས་སློབ་གྲྭའི་ཁང་པ་་ཕྱི་ལོ་༢༠༠༣དབྱར་ལོར་གྲུབ་ཅིང་༢༠༠༤ལོ་ནས་སློབ་གྲྭ་ཚུགས་མགོ་བརྩམས་སློབ་ཁང་དེར་ཐོག་རྩེགས་གཉིས་ཡོད་པར་སློབ་ཁྲིད་ཁང་ཆེན་དྲུག་དང་དགེ་རྒན་སྡོད་ཁང་གསང་སྤྱོད་དང་ཁྲུས་ཁང་བཅས་ཡོད་སློབ་ཕྲུག་དབང་རིག་ཞན་པ་འབྲིང་རིམ་སློབ་གྲྭར་འགྲོ་མི་ཐུབ་པ་རྣམས་ལ་ང་ཚོའི་ལག་ཤེས་སློབ་གྲྭའི་ནང་ལག་ཤེས་འདྲ་མིན་སྦྱང་རྒྱུའི་གོ་སྐབས་སྤྲད་དེ་ཉིན་གཅིག་རང་འཚོ་རང་སྐྱོང་ཐུབ་པ་བཟོ་འདུན་གྱིས་ང་ཚོའི་སློབ་ཚན་འཆར་འགོད་ནང་ཤིང་བཟོ་ཚེམ་བཟོ་བོད་ཀྱི་སྲོལ་ལུགས་ལྷ་བྲིས་རུམ་འཐག་མགར་བཟོ་དང་བོད་སྨན་བཅས་ཡོད་པའི་མ་ཚད་ད་དུང་དེང་དུས་ཡར་ཐོན་གྱི་ཕྱོགས་སུ་བསྐྱོད་ཕྱིར་འཕྲུལ་ཆས་བཟོ་པ་དང་གློག་ཀླད་ཀྱི་ཤེས་བྱའི་སློབ་ཡུལ་གཉིས་པོ་ཡང་ཁ་སྣོན་རྒྱ་སྐྱེད་དུ་བཏང་འདུན་ཡོད་ད་ལྟའི་ཆར་ཐང་ཀ་མཚོན་འབྲི་རུམ་འཐག་ཚེམས་བཟོ་ཤིང་བཟོ་དང་གློག་ཀླད་ཀྱི་སློབ་ཚན་རྣམས་འགོ་འཛུགས་ཟིན་མ་འོངས་པར་ལག་ཤེས་གཞན་མ་རྣམས་ཀྱང་གང་མགྱོགས་སློབ་ཁྲིད་ཐུབ་པ་བྱ་རྒྱུ་ཡིན་ང་ཚོའི་ལག་ཤེས་སློབམར་གལ་ཆེའི་དགོས་མཁོ་གྲབསྒྲིག་ལ་ལྷ་བྲིས་ཀྱི་ཉེར་མཁོ་མཚོན་སྣོད་ཤིང་བཟོ་དང་ཚེམ་བཟོའི་མཁོ་ཆས་རྣམས་དེ་མཚུངས་ཚེམས་བཟོ་འཁོར་ལོ་ལྔ་དང་གློག་ཀླད་འཕྲུལ་ཆས་བཅུ་བཅས་གྲབ་ཤོམ་བྱས་ཡོད་

 

ལག་ཤེས་སློབ་གྲྭ་
༢༠༠༧ ལོའི་ལག་ཤེས་སློབ་མ་རྣམས་
ས་གདན་འཐག་ལས་
ས་གདན་འཐག་ཟིན་པ་རེ་ཟུང་
༢༠༡༠ ལོའི་རུམ་འཐག་སློབ་མ་རྣམས་
ལྷ་བྲིས་པ་རྣམས་རི་མོ་འབྲི་ཁང་དུ་
ཐང་ཀ་འབྲི་ཟིན་པ་རེ་ཟུང་
༢༠༡༠ ལོའི་ལྷ་བྲིས་སློབ་མ་རྣམས་
ཕྲུ་གུ་རྣམས་གློག་ཀླད་སློབ་རྒྱུར་དགའ་པོ་ཡོད་
ཚེམ་བཟོ་ཁང་དུ་
ཚེམ་བཟོ་རྣམས་ནས་བོད་ཆས་ཚེམས་

 

 

Gewächshäuser

སྔོ་ཚལ་འདེབས་ཁང་

སྔོ་ཚལ་འདེབས་ཁང་གཉིས་གསར་འཛུགས་བྱས་པ་དེ་ནི་ ང་ཚོའི་བུ་ཕྲུག་རྣམས་དང་ལས་བྱེད་ཚོའི་འཚོ་བའི་ཁ་སྣོན་ནམ་འཛིན་སྐྱོང་འགྲོ་སོང་འཕྲི་ཐབས་ལ་རྩོལ་བ་དང་ ཚོགས་པ་འདི་ཉིད་མུ་རིམ་བཞིན་འཚོ་བ་རང་སྐྱོང་འཕེར་ཐབས་ཀྱི་ཕྱོགས་སུ་བསྐྱོད་པ་རེད་ སྔོ་ཚལ་ར་བ་འདིའི་ནང་ཀྲོ་མ་ཀྲོ་ རྒྱའི་ལོ་འཁོར་པད་ཚལ་ ལོ་འཁོར་པད་ཚལ་དཀར་པོ་ སྲེན་མ་ སུར་པན་སྔོན་པོ་ ཙོང་ ལ་ཕུག་སོགས་བཏབ་ཀྱི་ཡོད་པར་ ཞིང་ལས་པ་ཞིག་དེའི་གཙོ་གཉེར་གྱི་ཆེད་དུ་དམིགས་བཀར་གྱིས་བཞག་ཡོད་

༢༠༠༨ ལོར་ Dr. Siggi Buechle མཆོག་ ཚལ་ལས་པ་དང་ཆབ་གཅིག་ང་ཚོའི་སྔོ་ཚལ་གྱི