- .1: Home
- 2: News.
- 3: Tadra-Projekt.
- 4: Wer sind wir.
- 5: Kontakte.
- 6: Kinderdorf in Kham.
- 7: Kinderdorf in Amdo.
- 8: Zusätzliche Projekte.
- 9: Wie Sie helfen können.
- .10: TIBETAN.
- 10.1: News.
- 10.2: Kham/Dawu.
- 10.3: Amdo/Golok.
- 11: Jahresberichte.
- 12: Tadra Filme.
- 13: Tadra Stiftung.
- 14: Tadra-DEMIGH-Stiftung / CH.
- 15: Bildergalerie.
- 16: ->Tadra Schweiz.
- 17: ->Tadra USA.


Kinderdorf in Amdo ཨ་མདོའི་ས་ཁུལ་བུ་ཕྲུག་ཁྱིམ་སྡེ་
Matschen Dzong རྨ་ཆེན་རྫོང་
རྨ་ཆེན་རྫོང་ནི་རྒྱ་མཚོ་ནས་མཐོ་ཚད་མིས་ ༤༢༠༠ ཙམ་གྱི་འགོ་ལོག་ས་ཁུལ་དུ་ཆགས་ཡོད་ དེར་དགུན་ཁའི་དུས་སུ་ཚ་དྲོད་ ༣༠ [c] ཀྱི་འོག་ཏུ་ལྷུང་པ་དང་རྩི་ཤིང་གི་རིགས་ཤིན་ཏུ་སྲབ་ཅིང་ཤིང་སྡོང་སོགས་ལྗོན་ཤིང་གི་རིགས་མཐོ་ཚད་འདིར་སྐྱེ་མི་ཐུབ་ འགོ་ལོག་ནི་ཕྱིང་ཧེ་ཞིང་ཆེན་ སྔོན་དུས་བོད་ཀྱི་ཨ་མདོའི་མངའ་ཁུལ་དུ་ཆགས་ཡོད་པ་དང་ ཡུལ་མི་གཙོ་ཆེ་བ་འབྲོག་པ་ཤ་སྟག་ཡིན་ རྒྱ་མི་གནས་སྤོས་པ་ཡོད་ཀྱང་ཁམས་ཁུལ་གྱི་གྲངས་བཞིན་མེད་
ས་གནས་འདིར་དྭ་ཕྲུག་དང་བདག་མེད་དུ་བོར་བའི་ཕྲུ་གུ་རྣམས་ལ་ལྟ་སྐྱོང་བྱེད་མཁན་གཞུང་གི་སྒྲིག་འཛུགས་མེད་པར་བརྟེན་ ང་ཚོའི་བུ་ཕྲུག་ཁྱིམ་སྡེ་གཉིས་པ་ཞིག་འདིར་རྒྱབ་རྒྱུའི་ཐག་གཅོད་བྱས་པ་ཡིན་
Einige neue Waisenkinder in Golok 2006
Projektentwicklung ཚོགས་པའི་ཡར་རྒྱས་གྲུབ་འབྲས་
ང་ཚོས་ལོ་ངོ་གཉིས་རིང་རྒྱ་མིའི་འགོ་ཁྲིད་རྣམས་དང་འབྲེལ་གཏུགས་ཞིབ་མོལ་བྱས་འབྲས་ ༢༠༠༤ ལོར་བུ་ཕྲུག་ཁྱིམ་སྡེ་གཉིས་པ་དེ་འཛུགས་སྐྲུན་ཆོག་མཆན་གན་རྒྱ་ལ་མིང་རྟགས་བཀོད་པ་རེད་ ང་ཚོའི་ས་གནས་འདིར་ཤིང་དང་རྡོ་སོགས་ཀྱི་ཆ་རྐྱེན་དབེན་སྟབས་ཁམས་ཀྱི་ཁྱིམ་སྡེ་ཇི་བཞིན་འཛུགས་སྐྲུན་བྱ་ཐབས་བྲལ་ཏེ་ ས་གནས་ཀྱི་བབས་དང་བསྟུན་ཏེ་ཕྱི་ལུགས་ཀྱི་ལས་སྲོལ་ལྟར་ལག་བསྟར་བྱ་དགོས་བྱུང་བར་ ཁང་ལས་མཁོ་ཆས་རྣམས་ཐག་རིང་ནས་འོར་འདྲེན་དགོས་སྟབས་ཚོད་དཔགས་ལས་འདས་པའི་འགྲོ་སོང་འཕར་སྟེ་ ཁང་པ་རྣམས་ཀྱི་གནས་གོང་ཁམས་རྟའུ་ལས་ཤིན་ཏུ་ཆེ་བར་གྱུར་ ང་ཚོས་ ༢༠༠༥ ལོ་མགོར་ཁང་ལས་འཛུགས་སྐྲུན་མགོ་བརྩམས་ ད་མཚམས་ང་ཚོས་དྭ་ཕྲུག་སྡོད་ ཁང་བརྒྱད་ མཐའ་མཚམས་ལྕགས་རི་ སློབ་ཁང་ སྤྱི་ཐབ་ཁང་ ཚ་དྲོད་བསྟི་ གནས་ ཚོགས་ཁང་ ལག་ཤེས་སློབ་ཁང་དང་ལུས་རྩལ་ཐང་བཅས་འཛུགས་སྐྲུན་ཟིན་ དེ་བཞིན་འབྲིང་རིམ་སློབ་ཁང་གསར་བསྐྲུན་ཀྱང་མགོ་བཙུགས་ཟིན་ང་ཚོའི་བུ་ཁྱིམ་འདིའི་རྒྱ་ཁྱོན་ནི་མོ་ ༩༠ ཡིན་ཅིང་ ས་གནས་ཀྱི་གྲོང་བརྡལ་ནས་ལེ་བར་གཉིས་ཙམ་གྱི་མཚམས་སུ་ཡོད་ཅིང་ གྲོང་སྡེ་དེའི་མིང་ལ་ཡང་རྟ་བོར་ཟེར་
- Kinderdorf im Winter
- Zukunftspläne: so soll unser Kinderdorf wenn es einmal fertig ist aussehen.
Waisenhäuser དྭ་ཕྲུག་གསོ་སྐྱོང་ཁང་
འགོ་ལོག་ཁུལ་དུ་ཤིང་དང་རྡོ་ཤིན་ཏུ་དབེན་སྟབས་ཁང་པ་རྣམས་ས་ཕག་དང་ བྱེ་རྡོ་ཨར་འདམ་གྱིས་བཟོ་སྐྲུན་མ་བྱེད་མཐུ་མེད་དུ་གྱུར་ ཁ་སྣོན་ཏུ་དྲོད་སྦྱིན་བསྟི་གནས་ཤིག་མེད་ཐབས་མེད་ཅིང་ རྒྱུ་མཚན་ནི་མགོ་ལོག་ས་ཁུལ་དག་རྒྱ་མཚོ་ནས་མིས་ ༤༢༠༠ སྟེང་དུ་ཆགས་ཡོད་པར་དགུན་དུས་སུ་གྲང་ཚད་c ༣༠ འོག་ཏུ་ལྷུང་གི་ཡོད་ ཐོག་མའི་སྡོད་ཁང་གཉིས་པོ་རྩེགས་རེ་རེ་དང་ དེ་རྗེས་ཀྱི་ཁང་ཁྱིམ་རྣམས་རྩེགས་གཉིས་ཅན་ལ་རྒྱ་ཁྱོན་དང་འཁོར་ཞེང་ཆེ་བའི་སློབ་མ་ ༡༥ མ་ཚབ་དང་དགེ་རྒན་བཅས་པ་གུ་ཡང་དང་བག་ཕེབས་ངང་སྡོད་ཆོག་པ་དང་ ཁང་མིག་རྣམས་ཀྱི་བཟོ་བཀོད་ཁམས་དང་མཚུངས་ཤིང་ཐམས་ཅད་ཀྱི་ནང་དུ་ཆུ་ཚ་བོ་ གློག་དང་དྲོད་སྦྱིན་མ་ལག་བཅས་ཡོད་
Hygiene
Das neue Duschhaus, welches von einer chinesischen Firma gesponsert wurde ist sehr wichtig für die Körperpflege der Kinder. Wir hatten lange im Kinderdorf Golok nur zeitweise fliesendes Wasser. Dieses Problem ist auch inzwischen gelöst. Im Dusch-Haus können wir künftig warmes Wasser aufbereiten und speichern. Die Kinder freuen sich auf regelmässige warme Duschen.
- Dr. Sigi erklärt die Zahnhygiene
- Die Kinder üben fleißig
- Im Sommer baden und waschen sich die Kinder oft im Fluß
- Das Duschhaus hat zwei getrennte, grosse Dusch- und Umkleideräume.
Unsere Kinder in Golok
- Einige Kinder mit Claudio Frapolli
- Kinder freuen sich am nahegelegenen Fluss
- Tanzvorführung beim Weltkindertag
- Spiele am Weltkindertag
- Jampal Choedon
- Chungtso
- Choeying Dolma
Grundschule སློབ་གྲྭ་
ང་ཚོའི་འགྲོ་སོང་གུན་གསབ་ཆེད་ཁང་པའི་ཐིག་ཚད་རྣམས་རྟའུ་ཁང་ཐིག་གཞི་བཞག་བྱས་ཡོད་པར་ ཁང་པའི་བཟོ་དབྱིབས་ཀྱི་རྣམ་པ་གཅིག་མཚུངས་མངོན་ཐུབ་ ད་སྐབས་ང་ཚོའི་སློབ་གྲྭར་དགེ་རྒན་དྲུག་བཀོལ་བཞག་ཟིན་ཅིང་ལོ་རེ་བཞིན་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་དང་ ང་ཚོའི་སློབ་མ་ཚོར་སློབ་ཁྲིད་སློབ་ཚན་ནི་ བོད་ཡིག་ རྒྱ་ཡིག་དབྱིན་ཡིག་དང་ཨང་རྩིས་སོགས་ཡིན་ མ་ཟད་སློབ་གྲྭ་འདིར་ཡོ་རོབ་ཁུལ་ནས་དང་ལེན་གྱི་མི་སྣ་ཡོང་སྟེ་དབྱིན་སྐད་སློབ་ཁྲིད་ལ་རོགས་སྐྱོར་བྱེད་རྒྱུ་ཡིན་
ང་ཚོའི་འགྲོ་སོང་གུན་གསབ་ཆེད་ཁང་པའི་ཐིག་ཚད་རྣམས་རྟའུ་ཁང་ཐིག་གཞི་བཞག་བྱས་ཡོད་པར་ ཁང་པའི་བཟོ་དབྱིབས་ཀྱི་རྣམ་པ་གཅིག་མཚུངས་མངོན་ཐུབ་ ད་སྐབས་ང་ཚོའི་སློབ་གྲྭར་དགེ་རྒན་དྲུག་བཀོལ་བཞག་ཟིན་ཅིང་ལོ་རེ་བཞིན་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་དང་ ང་ཚོའི་སློབ་མ་ཚོར་སློབ་ཁྲིད་སློབ་ཚན་ནི་ བོད་ཡིག་ རྒྱ་ཡིག་དབྱིན་ཡིག་དང་ཨང་རྩིས་སོགས་ཡིན་ མ་ཟད་སློབ་གྲྭ་འདིར་ཡོ་རོབ་ཁུལ་ནས་དང་ལེན་གྱི་མི་སྣ་ཡོང་སྟེ་དབྱིན་སྐད་སློབ་ཁྲིད་ལ་རོགས་སྐྱོར་བྱེད་རྒྱུ་ཡིན་
- Die Grundschule
- Gemeinschaftstoilette
- Bibliothek
- Einer unserer sechs Klassenräume in Golok.
- Englischunterricht 2010
- Tibetischunterricht
- Beim Englischunterricht im Freien.
- Am liebsten machen die Kinder ihre Aufgaben im Freien. Herbst 2011
- Büro des Kinderdorfleiters
- Lehrerzimmer
- Lehrerzimmer
- Treppenhaus
- Schulhof
- Schulhof
- Lehrerschaft
- Gen jamjang mit unserem 4jährigen Jungen Dorjee
Die neuen Englischbücher sind fertig! དབྱིན་སྐད་སློབ་དེབ་གསར་པ་རྣམས་གྲུབ་པ་
ང་ཚོའི་དབྱིན་སྐད་སློབ་དེབ་གསར་པ་རྣམས་གྲུབ་པ་འདས་པའི་ལོ་ཤས་ནང་ཕྱི་རྒྱལ་གྱི་དབྱིན་ཇིའི་དགེ་རྒན་རྣམས་ནས་དབྱིན་སྐད་སློབ་དེབ་ཅིག་གསར་གཏོད་གནང་བ་རེད་སློབ་དེབ་དེ་ད#3906;་བོད་ཀྱི་ཕྲུག་གུ་རྣམས་ཀྱི་ཤེས་བྱའི་ཚད་གཞི་དང་བསྟུན་ཏེ་ས་གནས་ཤེས་རིག་ལྷན་ཁང་གི་རྩ་ཁྲིམས་དང་སྒྲིག་གཞིར་བརྩི་སྲུང་ཟོལ་མེད་ཀྱིས་བཀོད་སྒྲིག་བྱས་ཡོད་འཛིན་རིམ་དང་པ#3964;་དང་གཉིས་པའི་སློབ་དེབ་རྣམས་གཙང་གྲུབ་ཟིན་ཅིང་འཛིན་རིམ་གསུམ་པ་དང་བཞི་པའི་སློབ་དེབ་རྣམས་པར་བསྐྲུན་གྱི་སྟ་གོན་བྱ་བཞིན་ཡོད་དེ་བཞིན་འདི་ལ#3964;འི་དབྱར་ཁའི་དུས་སྐབས་སུ་ལོ་རིམ་ལྔ་པ་དང་དྲུག་པའི་སློབ་དེབ་རྣམས་ཕྱོགས་སྒྲིག་བྱ་རྒྱུ་ཡིན་ང་ཚོའི་སློབ་དེབ་ཕྱོགས་སྒྲིག་གི་ལས་བྱར་རོགས་སྐྱོར་གནང་མཁན་ཐམས་ཅད་དང་ ལྷག་དོན་འགྲོ་གྲོན་རོགས་དངུལ་བསྡུ་སྒྲུབ་ལ་འབད་རྩོལ་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་
Schulbibliothek
Dank der Spende von Verein Jacaranda aus der Schweiz konnte die Bücherausstattung in beiden Bibliotheken ausgeweitet werden.
Einen herzlichen Dankeschön an die Sponsoren!!!
Mittelschule འབྲིང་རིམ་སློབ་གྲྭ་
ང་ཚོའི་འབྲིང་རིམ་སློབ་གྲྭ་གསར་པ་འདི་ཉིད་ ལིཤི་ཏེན་ ཤི་ཏ་ཡིན་ཡུལ་གྱི་རོགས་ཚོགས་ "ལེ་གྷ་ཁོན་" ནས་སྦྱིན་བདག་གནང་བ་རེད་ བར་ལམ་འཛུགས་སྐྲུན་གཙང་གྲུབ་ཀྱིས་འཛིན་རིམ་ཚོགས་བཞིན་ཡོད་ཅིང་ དགའ་འོས་པ་ཞིག་ལ་ སློབ་གྲྭའི་ཚན་རིག་སྡེ་ཚན་གྱི་དངོས་བརྟག་ཁང་གི་དགོས་མཁོ་ཡོ་བྱད་ཀྱི་ཡོན་བདག་ ལིཤི་ཏེན་ ཤི་ཏྭ་ཡིན་ཡུལ་གྱི་ "ཏྲ་རོམ་" འཐེབ་རྩ་ཚོགས་པ་ནས་གནང་བ་རེད་
- Versammlungshalle, Grund-, Handwerks- und Mittelschule
- Unterrichtslabors für Chemie, Physik und Biologie
Versammlung / Kantine / Küche ཚོགས་ཁང་ངམ་ཁ་ཟས་ཚོམས་ཆེན་དང་སྤྱི་ཐབ་ཁང་
ཚོགས་ཁང་ངམ་ཁ་ཟས་ཚོམས་ཆེན་འདི་ཉིད་ཀྱི་སྦྱིན་བདག་ནི་ལྕམ་ཨི་ལི་རྫེ་བྷེ་དྷི་ བྷག་མཆོག་རེད་ འདི་ཉིད་ཀྱི་འཛུགས་སྐྲུན་ ༢༠༠༧ ལོར་གྲུབ་པར་ ང་ཚོའི་ཕྲུ་གུརྣམས་སྤྲོ་བདེ་བག་ཕེབས་ངང་འདིའི་ནང་དུ་ཁ་ཟས་ལ་རོལ་བ་དང་ཆབས་གཅིག་བྲོ་གཞས་ཀྱི་འཁྲབ་སྟོན་ཁག་སྦྱོང་བདར་བྱེད་ཐུབ་པའི་དབང་གིས་བུ་ཕྲུག་རྣམས་ མ་ཚབ་རྣམས་ དེ་བཞིན་དགེ་རྒན་རྣམས་ལ་དགའ་ཚོར་དང་སྤྲོ་སྣང་ཆེན་པོ་བྱུང་ཡོད་པ་རེད
Küche ང་ཚོ་སློབ་གྲྭའི་སྤྱི་ཐབ་ཁང་ ༢༠༠༦ དབྱར་དུས་སུ་ལེགས་གྲུབ་ཟིན་ཅིང་ ང་ཚོའི་ཕྲུ་གུ་ཚོར་འཕྲོད་རྟེན་ལ་དགེ་བའི་སྟོབས་སྐྱེད་སྨན་གྱིས་ཕྱུག་པའི་ཟས་བཅུད་སྣེ་འཛོམས་སྤྲོད་རྒྱུའི་འགན་ཁུར་དམ་གཙང་བྱེད་ཀྱིས་ཡོད་པར་ ང་ཚོའི་མ་བྱན་ནས་རྒྱུན་མར་ཁམས་སྙོམས་ཟས་སྣའི་རེའུ་མིག་བཀོད་སྒྲིག་ལག་བསྟར་བྱེད་ཀྱིས་ཡོད་
- Die Küche von innen.
Heizungsanlage ཚ་དྲོད་ཀྱི་མཐུན་རྐྱེན་
འགོ་ལོག་ཧ་ཅང་དྲང་ངར་ཅན་གྱི་ས་ཁུལ་ཡིན་སྟབས་སྡོད་ཁང་སོ་སོའི་ནང་དུ་ཚ་དྲོད་ཀྱི་མཐུན་རྐྱེན་མེད་ཐབས་མེད་ཅིང་ ཉི་འོད་ལ་རྟེན་པའི་དྲོད་བསགས་ཀྱི་ལམ་ལུགས་རྒྱུས་མངའ་མེད་པར་རྟེན་ རྒྱ་ནག་ནས་ཆུ་བཀོལ་སྣོད་སྒྲོམ་ཆེན་པོ་གཉིས་འོར་འདྲེན་བྱེད་དགོས་བྱུང་ དངོས་ཟོག་དེ་དག་གནས་གོང་ཆུང་ཆུང་མིན་ཅིང་ དེ་གཉིས་འཇོག་ཡུལ་ཁང་པ་ཡང་རྒྱབ་དགོས་པ་དང་ མདོར་ན་དྲོད་བསགས་མ་ལག་འདི་དག་སྒྲིག་འགོད་དང་འཛིན་སྐྱོང་གི་དཀའ་རྙོག་ དེ་བཞིན་འབུད་ཤིང་རྡོ་སོལ་ཉོ་དགོས་པར་ དེའི་རིན་གོང་ཆེ་བའི་མ་ཟད་ཐག་རིང་འོར་འདྲེན་གྱི་འགྲོ་སོང་འཕར་སྣོན་དང་ དེ་དག་གི་གནས་གོང་ཉིན་རེ་བཞིན་འཕར་འགྲོ་བ་ཡིན་སྟབས་ ཁྱད་མཁས་ཉམས་ཉོང་ཅན་གྱི་མཛུབ་སྟོན་བཀའ་སློབ་གཞིར་བཞག་ ནམ་ཞིག་དྲོད་བསགས་ཀྱི་ཐབས་ཚུལ་འདི་དག་གློག་ནུས་སུ་འཕོ་འགྱུར་བཏང་རྒྱུར་ངེས་ཀྱང་ སྐབས་བབས་ཚ་དྲོད་ཀྱི་ཐབས་ཚུལ་འདི་དག་ཕན་ཐོགས་ཆེན་པོ་བྱུང་བའི་དབང་གིས་ཕྲུ་གུ་རྣམས་དང་ལས་བྱེད་ཚང་མར་འདོད་བློ་ཁེངས་ཐུབ་པ་བྱུང་ཡོད་
- Die Heizungsanlage.
- Der alte Heizkessel.
- Unsere neuen elektrischen Heizungen.
Handwerksschule ལག་ཤེས་སློབ་གྲྭ་
སྐུ་ཞབས་དང་ལྕམ་ཧེན་གྷེསི་བྷག་ སྟེང་ཞལ་ཐུན་མོང་གི་འཐེབ་རྩ་ཚོགས་པ་ནས་སྦྱིན་བདག་གནང་བའི་ལག་ཤེས་བཟོ་ཁང་ ༢༠༠༧ ལོར་གཙང་གྲུབ་ཐུབ་པ་འདིའི་ནང་ ཉེ་འཁོར་གྱི་འབྲོག་པའི་ས་ཁུལ་ཁག་ནས་ཕྲུ་གུ་དང་གཞོན་སྐྱེས་ལག་ཤེས་སློབ་འདོད་ཡོད་པ་རྣམས་ལ་ལག་ཤེས་སློབ་པའི་ཆེད་དུ་དམིགས་པ་ཡིན་ ༢༠༠༨ ལོའི་ཟིང་ལངས་ཀྱི་རྐྱེན་གྱིས་ཅུང་དུས་འགྱངས་སུ་ཤོར་ཀྱང་ བར་ལམ་ལག་ཤེས་སློབ་ཁང་དེ་དག་ལེགས་གྲུབ་བྱུང་ཐུབ་པར་ ཕྲུ་གུ་རྣམས་ལ་རུམ་འཐག་ ཚེམས་བཟོ་དང་ ཐང་ཀ་མཚོན་མདངས་སོགས་ལ་སྦྱོང་བརྡར་སྤྲོད་རྒྱུ་ཡིན་པའི་མ་ཟད་ བོད་ཀྱི་སྨན་རྩིས་སློབ་པའི་བསྟི་གནས་ཀྱང་བཟོ་འཆར་ཡིན་
- Unsere Handwerksschule wurde von der Versorgungs- und Förderungsstiftung gesponsort.
- Im Musikzimmer erlernen die Kinder verschiedene Instrumente
- Computerunterricht
- Computerunterricht
- Unsere Teppicweberei
- Schülerin beim Teppichweben
- Schülerin beim Teppichweben
- Schneiderei Klasse
- Unsere Schneiderlehrlinge
- Ergebnisse der Schneiderei
- Stickkunst mit religiöse Motive
- Viel Steinschleuder usw
- Beim Flechten lernen
- Übungen
- Unsere Thanka Malklasse
Aktuelle Bilder Handwerksschule 2013
Youth Hostel གཞོན་ནུའི་སྡོད་ཁང་
ད་ལོ་བྱམས་བརྩེའི་ཕྱུག་པའི་ལྕམ་ལིསི་བྷག་གི་ཡོན་སྦྱོར་བཀའ་དྲིན་ལ་བརྟེན་གཞོན་ནུའི་སྡོད་ཁང་གསར་པ་{རྟ་བྲག་ཚོགས་པའི་ཁང་པ་ཆེ་ཤོས} འདི་ཉིད་འཛུགས་སྐྲུན་ཐུབ་པ་རེད་ དེའི་མ་ཚད་སྔོན་རོལ་ཏུ་སློབ་གྲྭའི་ཚོགས་ཁང་ཚོམས་ཆེན་གྱི་སྦྱིན་བདག་ཀྱང་ལྕམ་རང་ནས་གནང་བ་རེད་
- ugendhaus stand August 2013
- Innenräume