- .1: Home
- 2: News.
- 3: Tadra-Projekt.
- 4: Wer sind wir.
- 5: Kontakte.
- 6: Kinderdorf in Kham.
- 7: Kinderdorf in Amdo.
- 8: Zusätzliche Projekte.
- 9: Wie Sie helfen können.
- 10: TIBETAN.
- 10.1: News.
- 10.2: Kham/Dawu.
- 10.3: Amdo/Golok.
- 11: Jahresberichte.
- 12: Tadra Filme.
- 13: Tadra Stiftung.
- 14: Tadra-DEMIGH-Stiftung / CH.
- 15: Bildergalerie.
- 16: ->Tadra Schweiz.
- 17: ->Tadra USA.


རྟ་བྲག་དྭ་ཕྲུག་སློབ་གྲྭ་
གཞུང་གི་འཛིན་སྐྱོང་འོག་ཏུ་ཡོད་པའི་སློབ་གྲྭ་ཉུང་ཤས་ནི་ཉམས་གུད་དུ་སོང་ཞིང་ མཐུན་རྐྱེན་ཧ་ཅང་ཞན་པ་དང་འདུན་པ་དང་ཤེས་ཡོན་ལྡན་པའི་དགེ་རྒན་མེད་པ་དང་རྟག་ཏུ་སློབ་རྫས་ཀྱི་དབུལ་བ་ དེ་བཞིན་བོད་ཀྱི་ན་གཞོན་རྣམས་རྒྱུ་ལྷག་དང་ཕོ་ནད་འཕྲན་བུའི་འཆི་ལམ་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་ནི་ ཐག་ཉེ་བའི་སྨན་ཁང་ཚད་ལྡན་ནི་རྟའུ་ནས་མོ་ཏྲའི་ཆུ་ཚོད་དྲུག་ཙམ་གྱི་ས་ལ་ཡོད་སྟབས་ བོད་མི་མང་ཆེ་བར་ཕན་ཐོགས་ཆེར་མེད་ཅིང་བོད་མི་དཀྱུས་མ་ཞིག་གིས་སྨན་བཅོས་ཀྱི་འགྲོ་སོང་ཡང་བཏང་མི་ཐུབ་པའི་དབང་གིས་ས་ཁུལ་འདིར་དྭ་ཕྲུག་ཧ་ཅང་མང་བའི་རྒྱུ་མཚན་ཀྱང་དེས་མཚོན་ཐུབ་
གཞུང་གི་འཛིན་སྐྱོང་འོག་ཏུ་ཡོད་པའི་སློབ་གྲྭ་རྣམས་
གཞུང་གི་འཛིན་སྐྱོང་འོག་ཏུ་ཡོད་པའི་སློབ་གྲྭ་ཉུང་ཤས་ནི་ཉམས་གུད་དུ་སོང་ཞིང་མཐུན་རྐྱེན་ཧ་ཅང་ཞན་པ་དང་འདུན་པ་དང་ ཤེས་ཡོན་ལྡན་པའི་དགེ་རྒན་མེད་པ་དང་ རྟག་ཏུ་སློབ་རྫས་ཀྱི་དབུལ་བ་དེ་བཞིན་བོད་ཀྱི་ན་གཞོན་རྣམས་རྒྱུ་ལྷག་དང་ཕོ་ནད་འཕྲན་བུའི་འཆི་ལམ་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་ནི་ ཐག་ཉེ་བའི་སྨན་ཁང་ཚད་ལྡན་ནི་རྟའུ་ནས་མོ་ཏྲའི་ཆུ་ཚོད་དྲུག་ཙམ་གྱི་ས་ལ་ཡོད་སྟབས་བོད་མི་མང་ཆེ་བར་ཕན་ཐོགས་ཆེར་མེད་ཅིང་ བོད་མི་དཀྱུས་མ་ཞིག་གིས་སྨན་བཅོས་ཀྱི་འགྲོ་སོང་ཡང་བཏང་མི་ཐུབ་པའི་དབང་གིས་ས་ཁུལ་འདིར་དྭ་ཕྲུག་ཧ་ཅང་མང་བའི་རྒྱུ་མཚན་ཀྱང་དེས་མཚོན་ཐུབ་
བུ་ཕྲུག་ཁྱིམ་སྡེའི་འཆར་འགོད་
རང་སྒེར་ནས་འགྲོ་གྲོན་བཏང་ཏེ་ཐེངས་དྲུག་ཙམ་ཞིབ་འཇུག་ཆེད་འགྲུལ་བསྐྱོད་དང་ འབྲེལ་ཡོད་ཀྱི་རྒྱའི་འགོ་ཁྲིད་ཁག་ལ་ཞིབ་མོལ་འབྲེལ་བཤད་མཐར་ཕྱིན་བྱས་འབྲས་ ༡༩༩༧ ལོར་བོད་ཤར་ཕྱོགས་ཁུལ་ཏུ་ང་ཚོའི་བུ་ཕྲུག་ཁྱིམ་སྡེ་ཞིག་འཛུགས་བསྐྲུན་ཆོག་པའི་བཀའ་ཁྲོལ་ཆོག་མཆན་ཐོབ་པ་རེད་ བློ་ཕམ་པ་ཞིག་ལ་ ལོ་མང་མགོ་ཁྲིད་ཁག་ལ་ཐབས་ནུས་གང་ཡོད་ཀྱིས་ཞུ་གཏུགས་བྱསཅང་སྨན་ཁང་རྒྱབ་ཆོག་པའི་བཀའ་ཁྲོལ་ཆོག་མཆན་མ་ཐོབ་ ང་ཚོའི་ལོ་ངོ་དགུའི་ནང་ཁམས་རྟའུ་དྭ་ཕྲུག་ཁྱིམ་སྡེའི་རྨང་གཞི་གསར་འཛུགས་འགོ་རྩོམ་པ་ནས་བཟུང་ལས་དོན་རྣམས་མྱུར་སྟབས་ཀྱིསགོང་འཕེལ་བྱུང་སྟེ་ ༢༠༠༥ ལོར་གཞི་རྩའི་བཟོ་བཀོད་ཇི་བཞིན་ལེགས་པར་གྲུབ་ དེ་སྐབས་དྭ་ཕྲུག་གམ་ཕ་མ་གཅིག་ལས་མེད་པའི་ཉམས་ཐག་སློབ་མ་ ༡༨༠ ཡོད་པར་དེ་དག་ལ་བལྟ་སྐྱོང་བྱེད་མཁན་ཕ་ཚབ་མ་ཚབ་ཡོད་ སློབ་མ་དེ་རྣམས་འཇར་མན་ཡུལ་གྱི་རྒྱ་ཁྱོན་ལས་ཆེ་བའི་བོད་ཤར་ཕྱོགས་ས་ཁུལ་སྤྱི་ཡོངས་ནས་བསྡུ་རུབ་བྱས་ཡོད་ ཁྱིམ་སྡེའི་སློབ་མའི་གྲང་ཚད་ནི་ལོ་རིམ་བཞིན་འཕེལརྒྱས་སུ་འགྲོ་བཞིན་ཡོད་
༢༠༠༥ ལོའི་སློབ་མཉརེ་ཟུང་གི་འདྲ་དཔར་
ཨ་མདོར་བུ་ཕྲུག་ཁྱིམ་སྡེ་གཉིས་པ་
ང་ཚོར་ཨ་མདོ་ས་ཁུལ་ནས་སློབ་མ་བསྡུ་རུབ་ཐད་ས་ཁུལ་འགོ་ཁྲིད་ནས་མཐུན་འགྱུར་མ་བྱས་པའི་དབང་གིས་དཀའ་ངལ་བྱུང་ ཐོག་མར་གསལ་བཤད་བྱེད་འོས་པ་ཞིག་ལ་ བོད་ཤར་ཕྱོགས་ཀྱི་ས་ཁུལ་རྣམས་རྫོང་བཞི་རུ་བགོས་སྟེ་ཉེ་འཁྲིས་ཀྱི་རྒྱའི་ཞིང་ཆེན་ཁག་གི་ཁོངས་སུ་ཀློང་བསྒྲིལ་བཏང་བའི་དབང་གི་ཁམས་དང་ཨ་མདོ་གཉིས་སྔོན་གནས་སུ་གནས་མེད་ཅིང་ ང་ཚོའི་དམིགས་ཡུལ་ནི་འགྲོ་བ་མིའི་བདེ་སྡུག་ལ་རོགས་སྐྱོར་བྱ་རྒྱུ་ཁོ་ན་ལས་མ་འདས་ཀྱང་འགོ་ཁྲིད་ཁག་ནས་བོད་ཀྱི་ས་ཁུལ་མཐའ་དག་ནས་སློབ་མ་བསྡུ་རྒྱུའི་ཆོག་མཆན་མ་གནང་ ཨ་མདོ་ཁུལ་གྱི་གནས་སྟང་ནི་ཁམས་ལས་དཀའ་འཚེགས་ཆེ་ཞིང་ མཐོ་ཚད་རྒྱ་མཚོ་ནས་ལེ་བར ༤༢༠༠ སར་ཆགས་ཡོད་པར་རྩི་ཤིང་གི་སྐྱེ་སྟོབས་ཞན་ཅིང་ དགུན་ཁའི་དྲོད་ཚད་ ༣༠ འོག་ཏུ་ལྷུང་བར་རྟེན་བདག་མེད་དུ་བོར་བའི་ཕྲུ་གུ་མང་པོར་འཆི་རྐྱེན་ཡོང་གི་ཡོད་ དེར་རྟེན་ས་ཁུལ་འདི་དག་ནས་ང་ཚོའི་སློབ་ཁོངས་སུ་འཛུལ་འཇུག་གི་རེ་འདུན་བཅང་སྟེ་སྒུག་བཞིན་པའི་དྭ་ཕྲུག་གི་མིང་ཐོ་དག་ཧ་ཅང་རིང་ གནས་ཚུལ་དེ་དག་ལ་རྟེན་ང་ཚོའི་ལོ་ངོ་གཉིས་རིང་ས་ཁུལ་གྱི་དབུ་ཁྲིད་ཁག་ལ་འབྲེལ་གཏུགས་ནན་གཏན་ཞུས་འབྲས་ཆོག་མཆན་བཀའ་ཁྲོལ་ཐོབ་དོན་བཞིན་
༢༠༠༥ ལོར་ཨ་མདོར་ང་ཚོའི་བུ་ཕྲུག་ཁྱིམ་སྡེ་གཉིས་པ་དེ་བསྐྲུན་འགོ་བཙུགས་པ་རེད་
ང་ཚོའི་ངོ་སྤྲོད་
རྟ་བྲག་ཚོགས་པ་འདི་ཉིད་ ༡༩༩༥ ལོར་བོད་རིགས་དང་འཇར་མན་གྲོགས་པོ་ཁག་ནས་དབུ་བརྙེས་པ་རེད་ ང་ཚོ་ནི་དོན་ལ་དམིགས་པའི་མཉམ་ལས་པ་ཆུང་ངུ་ཞིག་ཡིན་ཅིང་ ལོ་ངོ་བཅུ་ཕྲག་ཁཤས་རིང་མཉམ་རུབ་དྭང་བླངས་ཀྱི་ལས་ལ་འབུངས་ཤིང་ རྒྱ་གར་བྱང་ཕྱོགས་སུ་འདི་དང་མཚུངས་པའི་ལས་གཞི་དག་བསྐྱངས་ཡོད་ང་ཚོའི་དམིགས་ཡུལ་ནི་དྭ་ཕྲུག་དང་བདག་མེད་དུ་བོར་བའི་ཕྲུ་གུ་རྣམས་ལ་མ་ཁྱིམ་དང་ ཁ་ཡོད་ལག་ཡོད་ཀྱི་ཤེས་ཡོན་སློབ་པའི་གོ་སྐབས་ལ་སྦྱར་སྟེ་རང་འཚོ་མ་ཐུབ་ཀྱི་བར་དུ་གཅེས་ཉར་བྱ་རྒྱུ་དེ་ཡིན་རྟ་བྲག་ཚོགས་པ་འདི་ཉིད་ ལུའུ་ལྡན་ཤ་ཡིས་དྷི་ རྫོང་གི་ཁྲིམས་ཁང་དུ་དེབ་སྐྱེལ་བྱས་ཡོད་ ང་ཚོས་དབུལ་ཕོངས་ཉམས་ཐག་གི་དགེ་རྩའི་ཆེད་དེབ་སྐྱེལ་བྱས་ཡོད་པར་བརྟེན་ཞལ་འདེབས་ཀྱི་རོགས་དངུལ་གཞུང་འབུལ་དཔྱ་ཁྲལ་ནས་འཐེན་ཆོག་ངེས་རེད་
ང་ཚོས་འཇར་མན་རྒྱལ་ནང་གི་ཁྲལ་འབབ་ལས་ཁུངས་སུ་ལོ་འཁོར་གྱི་རྩིས་སྡོམས་ཞིབ་ཕྲ་ཕུལ་དགོས་པ་ཇི་བཞིན་འབུལ་གྱི་ཡོད་ དེ་མཚུངས་ང་ཚོས་ཞལ་འདེབས་གནང་མཁན་དང་སྦྱིན་བདག་ཡོངས་ལ་བལྟ་སྐོར་དཔྱད་ཞིབ་ཟིན་ཐོ་དང་ཚོགས་པའི་ལས་རིམ་འཕེལ་རྒྱས་ རོགས་དངུལ་ཇི་ལྟར་བེད་སྤྱོད་བཏང་མིན་གསལ་བཤད་ལྡན་པའི་འགྲེམ་ཤོག་ མ་མཐར་ཡང་ལོ་རེར་ཐེང་རེ་ངེས་འབུལ་ཞུ་རྒྱུ་ཡིན་
དེའི་ཕྱིར་ང་ཚོས་རོགས་རམ་གནང་མཁན་ཡོངས་ལ་འབོད་སྐུལ་ཞུ་རྒྱུར་
སུས་ང་ཚོར་ད་བར་ཞལ་བྱང་གནང་མེད་པ་རྣམས་ནས་
ཞལ་འདེབས་ཀྱིི་བྱུང་འཛིན་དང་ལོ་རེའི་སྙན་གསེང་འགྲེམ་ཤོག་འབུལ་བའི་ཆེད་དུ་
སོ་སོའི་ཞལ་བྱང་ཅི་ནས་གནང་སྐྱོང་ཡོད་པ་ཞུ་
གཞུང་གི་འཛིན་སྐྱོང་འོག་ཏུ་ཡོད་པའི་སློབ་གྲྭ་ཉུང་ཤས་ནི་ཉམས་གུད་དུ་སོང་ཞིང་མཐུན་རྐྱེན་ཧ་ཅང་ཞན་པ་དང་འདུན་པ་དང་ / ཤེས་ཡོན་ལྡན་པའི་དགེ་རྒན་མེད་པ་དང་རྟག་ཏུ་སློབ་རྫས་ཀྱི་དབུལ་བ་དེ་བཞིན་བོད་ཀྱི་ན་གཞོན་རྣམས་རྒྱུ་ལྷག་དང་ཕོ་ནད་འཕྲན་བུའི་འཆི་ལམ་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་ནི་ / ཐག་ཉེ་བའི་སྨན་ཁང་ཚད་ལྡན་ནི་རྟའུ་ནས་མོ་ཏྲའི་ཆུ་ཚོད་དྲུག་ཙམ་གྱི་ས་ལ་ཡོད་སྟབས་ / བོད་མི་མང་ཆེ་བར་ཕན་ཐོགས་ཆེར་མེད་ཅིང་བོད་མི་དཀྱུས་མ་ཞིག་གིས་སྨན་བཅོས་ཀྱི་འགྲོ་སོང་ཡང་བཏང་མི་ཐུབ་པའི་དབང་གིས་ས་ཁུལ་འདིར་དྭ་ཕྲུག་ཧ་ཅང་མང་བའི་རྒྱུ་མཚན་ཀྱང་དེས་མཚོན་ཐུབ་